ནང་སོག་གི་རང་བཙན་རྩོད་ལེན་པ་ཧ་དའ་མུ་མཐུད་དམ་བསྒྲགས།

ནང་སོག་རྒྱ་ནག་གི་མངའ་འོག་ནས་རང་བཙན་གྱི་འཐབ་རྩོད་གནང་མཁན་སོག་པོ་ཧ་དའ་ད་དུང་མུ་མཐུད་དམ་བསྒྲགས་འོག་གནས་ཡོད་འདུག

2011.01.28

༄༅༎ནང་སོག་རྒྱ་ནག་གི་མངའ་འོག་ནས་རང་བཙན་གྱི་འཐབ་རྩོད་གནང་མཁན་སོག་པོའི་མི་རིགས་ཡིན་པ་ཧ་དའ་ཞུ་བ་རྒྱ་ནག་གཞུང་གིས་བཙོན་ནས་གློད་བཀྲོལ་བཏང་སྟེ་ཟླ་བ་གཅིག་ལྷག་ཕྱིན་པའི་རྗེས། ནང་མི་དང་ཐེངས་དང་པོ་ཐུག་འཕྲད་བྱེད་དུ་བཅུག་ཡོད་ཀྱང༌། ཁོང་གི་ཨ་ཞང་གིས། ཧ་དའ་ད་དུང་མུ་མཐུད་དམ་བསྒྲགས་འོག་གནས་ཡོད་མ་ཟད། ཁོང་གི་གཟུགས་པོའི་གནས་སྟངས་ཧ་ཅང་གི་སྐྱོ་པོ་ཡོད་པའི་སྐོར་གསུང་ཡོད་པ་རེད།

དེ་རིང་རེས་གཟའ་པ་སངས་ཉིན་ཧ་དའ་ཡི་ཨ་ཞང༌ཧ་ཆུ་ལུ་ལུ་ཡིས་ཕེ་རན་སི་གསར་འགྱུར་ལས་ཁང་ལ་འགྲེལ་བརྗོད་བྱས་དོན། ཁོང་ཟླ་བ་དང་པོའི་ཚེ་༢༡ཉིན་ནང་སོག་གི་རྒྱལ་ས་ཧོ་ཧོཏ་དུ་དམག་མིས་གཉེར་བཞིན་པའི་མགྲོན་ཁང་ཞིག་ནང་ཧ་དའ་ཐུག་འཕྲད་བྱེད་པར་སྐད་བཏང་བྱུང། ཁོང་གི་བདེ་འཇགས་ལ་ཉེན་ཁ་མིན་འདུག་ཀྱང་གཟུགས་པོའི་གནས་སྟངས་སྐྱོ་པོ་འདུག ཁོང་ཚོས་ཤིང་ཏོག་དང་ཚལ་སོགས་ཁ་ལག་ཡག་པོ་སྤྲད་འདུག་ཀྱང་ཁོང་གིས་མ་བཟས་པར་བརྟེན་ནས། གཟུགས་པོར་འཚོ་བཅུད་མི་འདེངས་པའི་རྣམ་པ་འདུག་ཅེས་གསུང་པ་ལས། ཧ་དའ་སུས་དོ་དམ་བྱས་ཡོད་མེད་པ་དང་རྒྱུ་མཚན་ག་རེ་བྱས་ཏེ་དོ་དམ་བྱེད་པ་ཡིན་མིན་སྐོར་སྐད་ཆ་ཤོད་བདེ་པོ་བྱེད་ཀྱི་མིན་འདུག འོན་ཀྱང་ཁོང་གིས། ཨ་མི་རི་ཀའི་ནང་ཡོད་པའི་ལྷོ་ཕྱོགས་སོག་པའི་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་ལྟེ་གནས་ཁང་ལ། རྒྱ་ནག་གི་དཔོན་རིགས་ནས་ཧ་དའ་གནས་དབེན་ས་ཞིག་ཏུ་གནས་སྡོད་བྱེད་ཀྱི་ཡོད་པའི་སྐོར་བཤད་བྱུང་ཞེས་གནས་ཚུལ་གསུང་ཡོད་པ་ཕེ་རན་སོ་གསར་འགྱུར་ལས་ཁང་གི་ལུང་འདྲེན་བྱས་ཡོད་པ་རེད། ནང་སོག་རང་བཙན་འཐབ་རྩོད་པ་ཧ་དའ་ཡི་གྱོད་དོན་ནི་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་གང་ཞིག་བཙོན་འཇུག་གི་ལོ་དུས་ཚང་སྟེ་གློད་འགྲོལ་ཐོབ་པའི་རྗེས། རྒྱུ་མཚན་གང་ཡིན་འགྲེལ་བརྗོད་མ་བྱས་པར་མུ་མཐུད་དོ་དམ་བྱེད་པའི་གྲས་ཤིག་ཡིན་པ་དང༌། ཧ་དའ་ཡིས་ལྷོ་ཕྱོགས་སོག་པོ་དམངས་གཙོ་མནའ་མཐུན་ཚོགས་པ་གསར་འཛུགས་བྱེད་མཁན་གྲས་ཡིན་པ་མ་ཟད། ཁོང་གིས་ནང་སོག་རང་བཙོན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་ཏེ། ནང་སོག་གི་རྒྱལ་ས་ཧོ་ཧོཏ་ནང་དུ་ཁོང་གི་དཔེ་དེབ་ཚོང་ཁང་ཞིག་ཡོད་པ་དེའི་མདུན་དུ་མི་དམངས་འདུ་འཛོམས་ཀྱིས་རང་བཙན་གྱི་ལས་འགུལ་སྤེལ་བ་སོགས། ཁོང་གི་དཔེ་དེབ་ཚོང་ཁང་དེ་ཡང་རང་བཙན་འཐབ་རྩོད་བྱེད་ཡུལ་གྱི་ལྟེ་གནས་ཤིག་ཏུ་གྱུར་ཏེ། ཕྱི་ལོ་༡༩༩༦ལོར་རྒྱ་ནག་གཞུང་གིས་ཁོང་ལ་ཁ་བྲལ་རིང་ལུགས་པ་དང་སོ་མྱུལ་གྱི་ནག་ཉེས་བཙུགས་ཏེ་བཙོན་འཇུག་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎