རྒྱ་ནག་གི་ཁྲིམས་རྩོད་པ་ཀའོ་ཀྲེ་ཧྲེན་སྐོར།

རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་ཁྲིམས་རྩོད་པ་ཀའོ་ཀྲེ་ཧྲེན་ག་པར་ཡོད་མེད་ཀྱི་རྩ་བ་ནས་ཤེས་རྟོགས་མེད་པའི་གནས་ཚུལ།

2011.08.16

༄༅༎རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་ཁྲིམས་རྩོད་པ་ཀའོ་ཀྲེ་ཧྲེན་གྱི་གཅེན་པོ་ཀའོ་ཁྲི་ཡི་ནས་རང་གི་་གཅུང་པོ་ཀའོ་ཀྲེ་ཧྲེན་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་རྗེས། ག་པར་ཡོད་མེད་ཀྱི་རྩ་བ་ནས་ཤེས་རྟོགས་མེད་པའི་གནས་ཚུལ་གྱུར་བར་བརྟེན། གནས་ཚུལ་རྩད་གཅོད་ཡོང་ཐབས་ཀྱི་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད།

ཀའོ་ཀྲེ་ཧྲེན་གྱི་བུ་སྤུན་ནས། རྒྱ་ནག་གཞུང་གིས་ཀའོ་ཀྲེ་ཧྲེན་ལ་ཚོད་ལྟའི་དོ་དམ་ལོ་ལྔའི་ཉེས་ཆད་བཏང་བ་རེས་གཟའ་ཉི་མའི་ཉིན་དུས་བཀག་རྫོགས་ཟིན་པ་ཡིན་ནའང་ཁོང་མུ་མཐུད་ནས་དོ་དམ་བཀག་ཉར་བྱེད་མུས་ཡིན་པའི་ངོས་འཛིན་གནང་གི་ཡོད་ཅིང༌། ཀའོ་ཀྲེ་ཧྲེན་ནི་རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་གྱི་ཁྲིམས་རྩོད་པ་སྐད་གྲགས་ཅན་ཞིག་ཡིན་པ་དང༌། རེས་གཟའ་ལྷག་པའི་ཉིན་ཨ་མི་རི་ཀའི་སྲིད་འཛིན་སྐུ་གཞོན་སྐུ་ཞབས་ཇོ་སྦའེ་ཌེན་མཆོག་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་འབྱོར་གནང་གི་ཡོད་པ་ཁོང་གིས་རྒྱ་ནག་གི་དཔོན་རིགས་ལྷན་དུ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་སློང་གནང་བའི་སྐབས་ ཀའོ་ཀྲེ་ཧྲེན་གྱི་གྱོད་དོན་གླེང་སློང་གནང་སྲིད་པའི་རེ་བ་བྱེད་ཀྱི་ཡོད་པ་རེད། ཀའོ་ཀྲེ་ཧྲེན་ལ་༢༠༠༦ ལོར་རྒྱ་ནག་གཞུང་མགོ་རྟིང་སློག་མཁན་གྱི་ནག་ཉེས་བཙུགས་ཏེ་མི་ལོ་གསུམ་གྱི་བཙོན་འཇུག་ཉེས་ཆད་བཏང་བ་དང༌། དེ་རྗེས་གློད་འགྲོལ་ཐོབ་ཡོད་ནའང་༢༠༠༩ ལོའི་ཕྱི་ཟླ་གཉིས་པའི་ནང་རྒྱ་ནག་གི་བྱང་ཕྱོགས་ཧྲན་ཤི་ཞིང་ཆེན་ནང་དུ་ཡོད་པའི་ཁོང་གི་སྤུན་མཆེད་ཞིག་གི་ཁྱིམ་ཚང་ནས་རྒྱ་ནག་གཞུང་གིས་སླར་ཡང་འཛིན་བཟུང་བྱས་པ་དང༌། ན་ནིང་ཕྱི་ཟླ་བཞི་པའི་ནང་ཁོང་གིས་གྲོགས་པོ་དང་ཕྱི་རྒྱལ་གསར་འགོད་པར་འབྲེལ་བ་འཁྱུག་ཙམ་བྱེད་ཐུབ་པ་བྱུང་བའི་རྗེས། ད་ལྟ་བར་ཁོང་ག་པར་ཡོད་མེད་ནང་མི་ཚོས་རྩ་བ་ནས་ཤེས་རྟོག་མེད་པར་གྱུར་ཡོད་པ་རེད། ཀའོ་ཀྲེ་ཧྲེན་གྱི་གཅེན་པོ་ཀའོ་ཁྲིཡི་ཡིས། དེ་རིང་རེས་གཟའ་མིག་དམར་ཉིན་རོའུ་ཀྲར་གསར་འགྱུར་ལས་ཁང་ལ། ཁོང་གི་སྤུན་ཀའོ་ཀྲེ་ཧྲེན་གྱི་གྱོད་དོན་ནི། མི་འབོར་བརླག་སོང་བ་འམ་གར་སོང་མེད་པ་གྱུར་བའི་གསལ་བསྒྲགས་བྱས་ཏེ། ཁོང་གི་སྤུན་མཆེད་ག་པར་ཡོད་མེད་ཤེས་རྟོག་ཡོད་ན་གནས་ཚུལ་མཁོ་སྤྲོད་ཡོང་བའི་འབོད་སྐུལ་དང་ཁོང་གི་འདྲ་པར་དྲ་རྒྱའི་ཐོག་བཀོད་སྤེལ་བྱས་ཡོད་པའི་འགྲེལ་བརྗོད་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎