ཁྲེང་ཀོང་ཁྲེང་གི་ནང་མི་སྤུན་མཆེད་ལ་བསུན་བཙིར་བཟོ་བ།
2012.05.10
༄༅༎རྒྱ་རིགས་ཁྲིམས་རྩོད་པ་ལོང་བ་ཁྲན་གོང་ཁྲན་གྱི་ནང་མི་སྤུན་མཆེད་ཚོར་ས་གནས་ལས་བྱེད་ཚོས་དཀའ་ངལ་སྤྲད་ཀྱི་ཡོད་ལུགས་འགྲེལ་བརྗོད་བྱེད་འདུག
ཉིན་ཤས་གོང་ཨ་མི་རི་ཀ་དང་། རྒྱ་ནག་གཉིས་དབར་རྙོག་གླེང་བྱུང་བའི་རྒྱ་རིགས་ཁྲིམས་རྩོད་པ་ལོང་བ་ཁྲན་ གོང་ཁྲན་ཁོང་རང་ཉིད་ད་ཆ་ཨ་རིའི་ནང་སློབ་སྦྱོང་ཆེད་བསྐྱོད་ཆོག་པའི་གྲོས་མཐུན་བྱུང་ཡོད་ཀྱང་། ཁོ་པའི་ཚ་བོ་དང་། དེ་བཞིན་ཁོང་གི་ནང་མི་སྤུན་མཆེད་གཞན་ཚོར་ས་གནས་གཞུང་གི་ལས་བྱེད་ཚོས་དོ་དམ་དང་བསུན་པོ་བཟོ་གི་ཡོད་པའི་སྐོར་ཁོང་གིས་ཨེ་ཨེཕ་པི་གསར་འགྱུར་ལས་ཁང་ལ་འགྲེལ་བརྗོད་གནང་འདུག དེ་ཡང་ཁོང་གིས། ཁ་ས་གཟའ་ལྷག་པའི་ཉིན་བདེ་འཇགས་ལས་ཁུངས་ནས་ཁ་པར་ཐོག་ནས་ངའི་ཚ་བོ་ཁྲན་ ཁེ་གུའ་དོ་དམ་བྱས་ཡོད་པ་དང་། ཁོ་པའི་བཟའ་ཟླ་ལས་ཁུངས་སུ་ཡོང་ནས་ཡིག་ཆར་ས་རྟགས་འགོད་དགོས་འདུག་ཅེས་བཤད་བྱུང་། ཤང་དྲོང་ས་གནས་ལས་བྱེད་ཚོས་ངའི་གནད་དོན་དེ་སྤུན་མཆེད་ཚོར་བསུན་བཙིར་བཟོས་ནས་ཚུར་དགྲ་ཤ་ལེན་གྱི་འདུག་ཅེས་འགྲེལ་བརྗོད་བྱེད་འདུག དེ་དང་ཕྱོགས་མཚུངས་ཁོ་པའི་ཚ་བོའི་ཕ་མ་གཉིས་ལའང་དེ་བཞིན་དོ་དམ་འདྲི་བརྩད་དང་བསུན་བཙིར་བཟོས་པ། ཁོང་ཚོའི་ཁ་པར་བཙན་འཕྲོག་བྱས་པ། བཟང་བཙོན་ལྟབུས་གྲོང་གསེབ་ནས་ཕྱིར་འགྲོ་མི་ཆོག་པ་སོགས་ཀྱི་དམ་བསྒྲགས་བྱས་ཡོད་འདུག
གནད་དོན་འདིའི་སྐོར་ཡི་ནན་ས་གནས་ཉེན་རྟོག་ལས་ཁུངས་སུ་ཨེ་ཨེཕ་པི་གསར་འགོད་པས་ཁ་པར་བཏང་ཡང་ཡ་ལན་གང་ཡང་བྱས་མ་བྱུང་ཞེས་བཀོད་འདུག