ཕ་ལུན་ཀུང་ཆོས་འཁོར་སྒོམ་སྒྲུབ་ཚོགས་པར་རོགས་རམ།

ཕ་ལུན་ཀུང་ཚོགས་པས་ཨ་རི་གཞུང་ནས་ཨིན་དྲའི་དྲ་རྒྱའི་ཐོག་བརྟག་དཔྱད་བྱ་རྒྱུར་ཁ་གཏད་ཀྱི་ལས་དོན་ཐོག་རོགས་རམ་ཡོང་ཐབས།

2009.07.20

༄༅༎ཕ་ལུན་ཀུང་ཟེར་བའི་ཆོས་འཁོར་སྒོམ་སྒྲུབ་ཚོགས་པས་ཨ་རི་གཞུང་ནས་ཨིན་དྲའི་དྲ་རྒྱའི་ཐོག་བརྟག་དཔྱད་བྱ་རྒྱུར་ཁ་གཏད་ཀྱི་ལས་དོན་ཐོག་རོགས་རམ་ཡོང་ཐབས་བྱེད་བཞིན་ཡོད་པ་རེད།

ཕྱི་ཟླ་བདུན་པའི་ཚེས་བཅུ་དགུ་དེ་བཞིན་རྒྱ་ནག་གཞུང་གིས་ཕ་ལུན་ཀུང་ཆོས་འཁོར་སྒོམ་སྒྲུབ་ཚོགས་པ་དེ་བཞིན་ཆོས་ལོག་པ་ཡིན་ལུགས་ལ་གཏན་འབེབས་བྱས་ཏེ་རྡུང་རྡེག་བཏང་ནས་ལོ་ངོ་བཅུ་འཁོར་བའི་དུས་དྲན་ཉིན་མོ་དེ་ཡིན་པ་དང་འདས་པའི་ལོ་ངོ་བཅུའི་རིང་ཕ་ལུན་ཀུང་ཆོས་འཁོར་སྒོམ་སྒྲུབ་ཚོགས་པས་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་ཚོགས་མི་རྒྱ་བསྐྱེད་བཏང་ནས་རྒྱ་ནག་གཞུང་གིས་ཚོགས་པ་དེའི་རྒྱ་ནག་ནང་གི་ཚོགས་མི་ཚོར་སྡུག་སྦྱོང་མནར་གཅོད་གཏོང་གི་ཡོད་པའི་གནས་ཚུལ་མང་པོ་ཞིག་ཕྱིར་བཏོན་བྱས་ཡོད་པའི་ཁར་རྒྱ་ནག་གཞུང་གིས་ཨིན་དྲའི་དྲ་རྒྱའི་ཐོག་བརྟག་དཔྱད་ཞིབ་བཤེར་བྱེད་བཞིན་པའི་གནད་དོན་ཐོག་ཁ་གཏད་ཀྱི་ལས་དོན་སྤེལ་ནས་ཨིན་དྲའི་དྲ་རྒྱའི་ཐོག་རྒྱ་ནག་གཞུང་གིས་བརྟག་དཔྱད་ལས་གཡོལ་ཐུབ་པའི་རྒྱལ་སྤྱིའི་ཨིན་དྲའི་དྲ་རྒྱ་རང་དབང་ཞེས་པ་ཞིག་ཨིན་དྲའི་དྲ་རྒྱའི་ཐོག་གི་མཁས་པ་མི་གྲངས་ལྔ་བཅུ་དང་ཕ་ལུན་ཀུང་ཆོས་འཁོར་སྒོམ་སྒྲུབ་ཉམས་ལེན་བྱེད་མཁན་ཐུན་མོང་ཐོག་ནས་བཙུགས་ཡོད་པའི་སྐོར་ཕ་ལུན་ཀུང་ཆོས་འཁོར་སྒོམ་སྒྲུབ་ཚོགས་པའི་མགྲིན་ཚབ་པ་ཀྲའི་ཧྲེ་ཡུའུ་ཡིས་འགྲེལ་བརྗོད་བྱས་འདུག་ལ་ཁོང་གིས་ཕྱི་ལོ་ཉིས་སྟོང་བརྒྱད་ལོར་ཨ་རིའི་གྲོས་ཚོགས་ནས་ཨིན་དྲའི་དྲ་རྒྱའི་ཐོག་བཀག་སྡོམ་བརྟག་དཔྱད་གཡོལ་ཐབས་ལས་དོན་སྤེལ་མཁན་ལ་རོགས་རམ་མ་དངུལ་ས་ཡ་བཅོ་ལྔ་གནང་རྒྱུའི་འཆར་གཞི་ནས་གོང་ཞུས་ཕ་ལུན་ཀུང་ཚོགས་པའི་ཇི་ཨའེ་ཨེཕ་སི་ཟེར་བའི་ཨིན་དྲའི་དྲ་རྒྱའི་ཐོག་བརྟག་དཔྱད་གཡོལ་ཐབས་ལས་དོན་དེའི་ཐོག་རོགས་རམ་ཐོབ་མེད་པ་དང་དེ་གཙོ་བོ་ཕ་ལུན་ཀུང་ཆོས་འཁོར་སྒོམ་སྒྲུབ་ཚོགས་པའི་ཁ་གཏད་དེ་བཞིན་རྒྱ་ནག་གཞུང་ཡིན་པར་བརྟེན་ནས་ཡིན་ལུགས་གསུངས་འདུག ཕ་ལུན་ཀུང་ཚོགས་པའི་ཨིན་དྲའི་དྲ་རྒྱའི་ཐོག་བརྟག་དཔྱད་གཡོལ་ཐབས་ལས་དོན་ཐོག་ན་ནིང་ཨ་རིའི་གྲོས་ཚོགས་ཀྱི་རོགས་སྐྱོར་མ་དངུལ་ཐོབ་མེད་པར་བརྟེན་ད་ལོའི་རོགས་དངུལ་ཐོབ་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎