བཙན་བྱོལ་བོད་གཞུང་གིས་རྒྱ་ནག་ནང་ཨོ་ལིམ་པིཀ་རྩེད་འགྲན་ཚུཊ་རྒྱུར་རྒྱབ་སྐྱོར་གནང་བ།
2008.04.16
༄༅༎བཞུཊ་སྒར་རྡ་རམ་ས་ལར་ཡོད་པའི་བཙན་བོད་གཞུང་གིས་བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་བཞིན་ཡོད་ནའང་རིང་མིན་རྒྱལ་སྤྱིའི་ ཨོ་ལིམ་པིཀ་རྩེད་འགྲན་རྒྱ་ནག་ནང་ཚུཊ་རྒྱུར་ངོ་རྒོལ་གནང་གི་མེད་པའི་སྐོར་གསུངས་ཡོད་པ་རེད།
ད་རིང་ ནོར་ཝེ་ རྒྱལ་ས་ ཨོས྄་ལོ་ ནང་སྤྱི་ཚོགས་མཁས་དབང་ཚོས་གོ་སྒྲིག་གནང་བའི་རྒྱ་ནག་དང་ ཨོ་ལིམ་པིཀ་ གནད་དོན་ཞེས་པའི་བགྲོ་གླེང་ཚོཊ་འདུའི་ཐོག་བཙན་བྱོལ་བོད་གཞུང་གི་ཕྱི་སྲིད་དང་དྲིལ་བསྒྲཊ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་ལགས་ཀྱིས་གསུང་བཤད་གནང་བའི་ནང་བཙན་བྱོལ་བོད་གཞུང་གི་ལངས་ཕྱོཊ་ནི་རྒྱ་ནག་ནང་ངེས་པར་དུ་ ཨོ་ལིམ་པིཀ་རྩེད་འགྲེན་ཚུཊ་རྒྱུར་རྒྱབ་སྐྱོར་ཡོད་པ་དང་། རྩེད་འགྲན་ནི་ཡག་པོ་ཞིག་ཡིན་པ་དང་ཡིན་ནའང་གནས་ཚུལ་ཆུང་ཚཊ་ཤིག་ཡིན་ཞིང་། ད་ལྟ་བོད་ནང་གི་བོད་མི་ཚོའི་འཚོ་གནས་དང་གནས་སྟངས་ལ་ཧ་ཅང་གི་བློ་འཚབ་ཡོད་པའི་སྐོར་ནན་བརྗོད་གནང་ཡོད་པ་རེད། ད་དུང་ཁོང་གིས་གསར་འགོད་ལྷན་ཚོཊ་ཤིག་གི་ཐོག་ལ་བོད་ནང་གི་བོད་མི་རྣམས་ཀྱི་ད་ལྟའི་གནས་སྟངས་ནི་ཧ་ཅང་གི་ཛ་དྲག་ཏུ་གནས་ཏེ་བོད་མི་རྣམས་འ་ཆད་འུ་ཐུག་གི་གནས་སུ་འགྱུར་བཞིན་ཡོད་པ་དང་། རྒྱལ་སྤྱིའི་ནང་བོད་ནང་གི་གནས་སྟངས་ཀྱི་རྐྱེན་པས་ ཨོ་ལིམ་པིཀ་་ རྩེད་འགྲན་གྱི་དཔལ་འབར་སྐོར་བསྐྱོད་སྐབས་ངོ་རྒོལ་བྱེད་མཁན་ཚོར་ཡང་བཙན་བྱོལ་བོད་གཞུང་ཕྱོགས་ནས་སྐྱོན་བརྗོད་བྱེད་ཐུབ་ཀྱིི་མ་རེད། ཨོ་ལིམ་པིཀ་ རྩེད་འགྲན་དེ་ལ་བརྟེན་ནས་རྒྱ་ནག་གི་ཐོག་ལ་གནོན་ཤུཊ་སླེབས་ཀྱི་ཡོད་པ་བརྟེན་ནས་རྒྱ་ནག་གཞུང་གིས་ངེས་པར་དུ་རང་དབང་ཅན་གྱི་གསར་འགོད་པ་བོད་ནང་འགྲོ་བཅུག་དགོས་པ་དང་། ལྷག་པར་དུ་བོད་ནང་རྒྱ་ནག་གི་ ཨོ་ལིམ་པིཀ་ རྩེད་འགྲན་གྱི་དཔལ་འབར་འཁྱེར་བ་ཡིན་ཚེ་བོད་ནང་གི་གནས་སྟངས་ཛ་དྲག་ཏུ་འགྲོ་རྒྱུ་ཡིན་པ་དང་བོད་ཀྱི་་བོད་མི་ཚོའི་དཀའ་སྡུག་མྱོང་བཞིན་པའི་སྐབས་དེར་དཔལ་འབར་བོད་ནང་འཁྱེར་རྒྱུར་ང་ཚོར་སྤྲོ་སྣང་འཕེལ་ཐུབ་ཐབས་མེད་པའི་སྐོར་གསུངས་ཡོད་པ་རེད། ཁ་སྔོན་ཕྱི་ཟླ་གསུམ་པའི་ནང་བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་ལ་ཞི་བའི་རྔམ་སྟོན་ངོ་རྒོལ་ལས་འགུལ་སྤེལ་བ་དེ་ནི་ཕྱི་ལོ་ ༡༩༨༩་་ ལོར་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་བའི་རྗེས་ཀྱི་བོད་ཆོལ་ཁ་གསུམ་ནང་བྱུང་བའི་རྔམ་སྟོན་གྱི་ལས་འགུལ་གཞི་རྒྱ་ཆེ་ཤོས་དང་རྒྱ་ནག་ནང་སྲིད་བྱུས་ལ་གདོང་ལེན་བྱེད་ཡུན་རིང་ཤོས་ཡིན་པ་མ་ཟད། རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་བྱེད་པ་དེ་ཡིས་ཕྱི་ཟླ་ ༨་ པའི་ནང་ཚོཊ་རྒྱུའི་རྒྱ་ནག་གི་་ ཨོ་ལིམ་པིཀ་ རྩེད་འགྲན་ཚོགས་པ་བརྒྱུད་རྒྱ་ནག་ནང་འཛུགས་སྐྲུན་དང་དཔལ་འབྱོར་ཡར་རྒྱས་ཡོད་པའི་རྣམ་པ་རྒྱལ་སྤྱིའི་ཐོག་བཏོན་ཐབས་ཀྱི་གོ་སྐབས་སྐྲུན་པའི་སྐབས་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཐོག་དོ་སྣང་ཆེན་པོ་བྱེད་ཡུལ་ཞིག་ཏུ་གྱུར་ཡོད་པ་རེད༎