བོད་མི་ཡོངས་ནས་མང་གཙོའི་ཁེ་དབང་གལ་ཆེར་རྩིས་དགོས་སྐོར།

བོད་མིའི་སྤྱི་སྒེར་ཡོངས་ཀྱིས་མང་གཙོའི་ཁེ་དབང་ལས་ལས་འགན་གལ་འགངས་ཆེ་བར་བརྩི་དགོས་སྐོར་བཀའ་ཤག་གིས་གསུངས་བཤད་གནང་བ།

2008.09.03

༄༅༎ཕྱི་ཟླ་དགུ་པའི་ཚེས་༢ཉིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མང་གཙོའི་དུས་དྲན་སྲུང་བརྩི་ཞུས་གནང་བའི་སྐབས་བོད་མིའི་སྤྱི་སྒེར་ཡོངས་ཀྱིས་མང་གཙོའི་ཁེ་དབང་ལས་ལས་འགན་གལ་འགངས་ཆེ་བར་བརྩི་དགོས་སྐོར་བཀའ་ཤག་གིས་གསུངས་བཤད་གནང་ཡོད་པ་རེད་

དེ་ཉིན་བཞུགས་སྒར་རྡ་རམ་ས་ལའི་གཙུག་ལག་ཁང་ཐེག་ཆེན་ཆོས་གླེང་གི་མདུན་ཐང་དུ་བཙན་བྱོལ་བོད་གཞུང་བཀའ་ཤག་གི་གཙོས་གཞུང་ཞབས་རྣམ་པ་དང་མི་མང་བཅས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མང་གཙོའི་ལམ་ལུགས་དབུ་བརྙེས་ནས་ལོ་ངོ་༤༨འཁོར་བའི་དུས་དྲན་སྲུང་བརྩི་ཞུས་གནང་ཡོད་པ་རེད་ དུས་དྲན་དེ་ཉིན་བཙན་བྱོལ་བོད་གཞུང་བཀའ་བློན་ཁྲི་པའི་ལས་ཚབ་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་བཀའ་ཤག་གི་གསུངས་འཕྲིན་སྒྲོགས་སྦྱང་གནང་བའི་ནང་ཛ་དྲག་དང་གཉན་འཕྲང་ཅན་གྱི་དུས་སྐབས་དེ་ལ་བོད་མི་སྤྱི་སྒེར་ཡོངས་ཀྱིས་མང་གཙོའི་ཁེ་དབང་ལས་ལས་འགན་གལ་འགངས་ཆེ་བར་བརྩི་དགོས་པ་དང་ བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་བོད་པའི་སྤྱི་ཚོགས་ནང་ཕོ་མོ་འདྲ་མཉམ་གྱི་ནུས་ཤུགས་སྤེལ་ཐབས་ཀྱི་སྲིད་ཇུས་གཏན་འབེབས་གནང་འཆར་ཡོད་ལུགས་ཡང་བཀའ་གནང་ཡོད་པ་རེད་ ཡང་བཀའ་བློན་ཁྲི་ཚབ་ཚེ་རིང་ཕུན་ཚོགས་མཆོག་གིས་ཇི་སྲིད་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་རང་བཞིན་གུ་ཡངས་དང་རང་དབང་ ཕྱི་གསལ་ནང་གསལ་གྱི་གནས་བབས་ཞིག་ཏུ་མ་འགྱུར་བར་དུ་བོད་ཀྱི་དཀའ་རྙོག་སེལ་ཐབས་དཀའ་བས་བོད་མི་རྣམས་ཀྱིས་ཀྱང་གུ་ཡངས་དང་རང་དབང་ཕྱི་གསལ་ནང་གསལ་གོང་འཕེལ་ཡོང་རྒྱུར་འབད་བརྩོན་གནང་དགོས་སྐོར་དང་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་ལུས་སྲོག་ཡོངས་རྫོགས་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་བཀྲིན་རྗེས་དྲན་དང་ཁོང་རྣམས་ལས་གུས་བཏུས་ཡང་ཞུས་གནང་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎