ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་ལ་ཇོ་ནང་རིས་མེད་དུས་འཁོར་བགྲོ་གླེང་ཆེན་མོ་དང་འབྲེལ་བའི་སྐོར་ལ་དམིགས་བསལ་བཅར་འདྲི།

2022.06.18
ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་ལ་ཇོ་ནང་རིས་མེད་དུས་འཁོར་བགྲོ་གླེང་ཆེན་མོ་དང་འབྲེལ་བའི་སྐོར་ལ་དམིགས་བསལ་བཅར་འདྲི། ཇོ་ནང་རིས་མེད་དུས་འཁོར་བགྲོ་གླེང་ཆེན་མོའི་ཚོགས་ཁང་དུ། ༢༠༢༢།༠༦།༡༧
Photo/RFA

ཕྱི་ལོ་ ༢༠༢༢ ཟླ་བ་ ༦ ཚེས་ ༡༤ ནས་ཉིན་གསུམ་རིང་གོ་པལ་པུར་དུ་བརྟེན་གཞིར་བྱས་པའི་ཇོ་ནང་དུས་འཁོར་སྒྲུབ་ཁང་ཆེན་མོའི་ཚོགས་ཁང་དུ། མདོ་སྔགས་ཟུང་འབྲེལ་གྱི་གཞན་སྟོང་དབུ་མ་ཆེན་མོའི་ཤིང་རྟའི་སྲོལ་འབྱེད་ཤེས་རབ་རྒྱལ་མཚན་མཆོག་སྐུ་ཞི་བར་གཤེགས་ནས་ལོ་ངོ་ཧྲིལ་པོ་ ༦༦༠ འཁོར་བའི་བཀའ་དྲིན་རྗེས་དྲན་དང་འབྲེལ་བའི་ཇོ་ནང་རིས་མེད་དུས་འཁོར་བགྲོ་གླེང་ཆེན་མོ་བསྐོང་ཚོགས་ཀྱིས་ད་ལྟ་མཇུག་སྒྲིལ་གནང་ཡོད་པ་རེད། 
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་ལ་བགྲོ་གླེང་ཆེན་མོ་འདི་འདྲ་ཞིག་གོ་སྒྲིག་བྱེད་དགོས་དོན་ཐད་དམིགས་བསལ་བཅར་འདྲི་ཞུས་སྐབས། རིན་པོ་ཆེ་མཆོག་ནས་བཀའ་ལན་ནང་འདི་ལྟར་གསུངས་བྱུང་། 
དུས་འཁོར་ལ་ཕྱི་དུས་ཀྱི་འཁོར་ལོ་དང༌། ནང་དུས་ཀྱི་འཁོར་ལོ། གཞན་དུས་ཀྱི་འཁོར་ལོ་བཅས་གསུམ་ཡོད་ལ། ཕྱི་དུས་ཀྱི་འཁོར་ལོ་ནི། ཟླ་བ་བཅུ་གཉིས་དང་ཞག་མ་སུམ་བརྒྱ་དྲུག་ཅུ་སོགས་ནི་དུས་དང༌། ལོ་འཁོར་གཅིག་ལ་དེ་དག་འཁོར་བས་དུས་འཁོར་ཞེས་བརྗོད་པ་དང༌། ནང་དུས་ཀྱི་འཁོར་ལོ་ནི་མིའི་ལུས་ཀྱི་རྩ་རླུང་ཐིག་ལེ་ཁམས་ལ་སོགས་པ་ཉིན་ཞག་གཅིག་ལ་དེ་དག་འཁོར་བས་ནང་དུས་ཀྱི་འཁོར་ལོ་ཞེས་མདོར་ན་ཕྱི་དུས་ཀྱི་འཁོར་ལོས་འཇིག་རྟེན་ཁམས་རི་ར་བ་ཁང་ཁྱིམ་སོགས་ཆགས་ཚུལ་བསྟན་ཡོད་པ་དང་། ནང་དུས་ཀྱི་འཁོར་ལོས་ནང་བཅུད་ཀྱི་སེམས་ཅན་རྣམས་ཀྱི་ཆགས་འཇིག་གི་རྣམ་གཞག་བསྟན་ཡོད་པ་རེད། གཞན་དུས་ཀྱི་འཁོར་ལོ་ནི་གཞལ་ཡས་ཁང་དང་ཡི་དམ་གྱི་ལྷ་ལ་སོགས་པ་ཟུང་དུ་འབྲེལ་ནས་གསང་སྔགས་ཀྱི་ལྷ་སྒོམ་ཚུལ་ལ་བཤད་པ་ཞིག་ཡིན་པ་རེད་འདུག 
རྩ་བའི་དུས་འཁོར་གྱི་རྒྱུད་འདི་ཉིད་རྒྱ་གར་ནས་གྱི་ཇོ་ལོ་ཙཱ་བ་ཟླ་བའི་འོད་ཟེར་གྱིས་ཕྱི་ལོ་༡༠༢༧ ལོར་བོད་དུ་བསྒྱུར་བ་ནས་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཁག་གིས་བསྟན་བཅོས་སུ་མཛད་པ་སོགས་ཉམས་བཞེས་མཛད་ཡོད་པ་དང་། ལྷག་པར་དུ་དཔལ་ཇོ་ནང་པའི་ཆོས་བརྒྱུད་འདིས་དུས་ཀྱི་འཁོར་ལོའི་སྦྱོར་བ་དྲུག་གི་ཉམས་བཞེས་དམིགས་བསལ་བ་ཉམས་མེད་རྒྱུན་འཛིན་བྱས་པ་ལ་བརྟེན། ཆོས་བརྒྱུད་འདི་དང་དུས་འཁོར་དབར་ཐུན་མིན་གྱི་འབྲེལ་བ་ཞིག་ཡོད་སྐོར་གསུངས་གནང་བྱུང་། 

གསར་འགོད་པ། བློ་བཟང་།  
རྩོམ་སྒྲིག་པ།
 ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎