ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་གློད་བཀྲོལ་ཆེད་ཞུ་གཏུགས་བྱ་རྒྱུ།
2008.12.14
༄༅༎དེ་རིང་ཐའེ་ལྦན་གྱི་ཁྲིམས་རྩོད་པ་ཚོས་ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་ཁྲེན་ཧྲུའེ་པེན་མཆོག་བཙོན་ཁང་ནས་གློད་བཀྲོལ་ཡོང་ཐབས་ཆེད་ཁྲིམས་ཁང་དུ་ཞུ་གཏུགས་བྱ་རྒྱུ་ཡིན་པ་གསུངས་ཡོད་པ་རེད།
དེ་ཡང་ཁྲིམས་རྩོད་པའི་མགྲིན་ཚབ་པ་ཞིག་གིས་གསར་འགོད་པར་གསུངས་དོན་ལ་སྲིད་འཛིན་ཟུར་པ་ཁྲེན་ཧྲུའེ་པེན་ཐོག་ཁྲིམས་ཁང་ནས་ཐག་གཅོད་བྱས་པའི་གནད་དོན་དང་ལྷག་པར་དུ་ཁོང་གློད་འགྲོལ་ཡོང་ཐབས་ཀྱི་ཆེད་རེས་གཟའ་ཟླ་བའི་ཉིན་ཁྲིམས་རྩོད་པའི་ཚོགས་མིའི་ལྷན་ཚོགས་ཐོག་བཀའ་བསྡུར་གནང་རྒྱུ་ཡིན་པ་གསུངས་ཡོད་ཅིང་ཉེ་ཆར་སྲིད་འཛིན་ཟུར་པ་ཁྲེན་ཧྲུའེ་པེན་གྱི་བུ་མོའི་མག་པས་ཁྲིམས་ཁང་དུ་དངུལ་གྱི་རྟགས་མ་སྤྲད་དེ་འཕྲལ་སེལ་སྤྱི་ཚོགས་ཐོག་གློད་འགྲོལ་བཏང་ཡོད་ཀྱང་ཁྲིམས་རྩོད་པ་ཚོས་སྲིད་འཛིན་ཟུར་པ་ཁྲེན་ཧྲུའེ་པེན་ནི་དངུལ་གྱི་རྟགས་མ་སྤྲོད་མི་དགོས་པར་ཁྲིམས་ལུགས་ཀྱི་ཐོག་ནས་གློད་འགྲོལ་ཡོང་ཐབས་འབད་བརྩོན་ཕྱི་ལོ་༢༠༠༠ལོར་དམངས་གཙོའི་ལམ་སྲོལ་གྱི་ཐོག་ཐའེ་ལྦན་གྱི་སྲིད་འཛིན་གནང་བ་དང་དེ་རྗེས་སླར་ཡང་ལོ་བཞི་མུ་མཐུད་སྲིད་འཛིན་དུ་འོས་འདེམས་བྱུང་སྟེ་འདས་པའི་མི་ལོ་བརྒྱད་རིང་ཐའེ་ལྦན་གྱི་སྲིད་དབང་འཛིན་པའི་སྐབས་ལྐོག་ཟ་རུལ་སུངས་ཀྱི་སྤྱོད་ཚུལ་ངན་པ་རྣམས་མེད་པ་བཟོ་ཐབས་ཀྱི་ཁས་ལེན་བྱས་ཡོད་ཅིང་ཡིན་ནའང་ད་ཆ་ཁོང་རང་ཉིད་ལྐོག་ཟ་རུལ་སུངས་དང་གཞུང་དངུལ་བེད་སྤྱོད་ལོག་པ་བཏང་བ།དབང་ཆ་བེད་སྤྱོད་དེ་ལྐོག་ངན་ལེན་པ་སོགས་ཀྱི་ཉེས་འཛུགས་འོག་བཙོན་ཁང་དུ་དོ་དམ་བྱས་ཏེ་ད་བར་གྱི་ཐའེ་ལྦན་གྱི་སྲིད་འཛིན་ཟུར་པའི་ནང་ནས་ལྐོག་ཟ་རུལ་སུངས་ཀྱི་ཁྲིམས་བཏུགས་ཀྱི་ནག་ཉེས་ཕོག་པ་ཐེངས་དང་པོ་ཡིན་པ་རེད། གལ་ཏེ་ཁོང་ལ་ནག་ཉེས་ཉེས་འཛུགས་བྱས་པ་དེ་དག་ཁྲིམས་ཁང་ནས་ཉེས་ཅན་དུ་ངོས་འཛིན་ཐག་གཅོད་བྱས་པ་ཡིན་ཚེ་ཚེ་བཙོན་གྱི་ཉེས་ཆད་གཏོང་སྲིད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད༎