ཐའེ་ལྦན་གྱི་སྲིད་འཛིན་ཟུར་པའི་ལྕམ་ཐོག་ཉན་ཞིབ་གནང་རྒྱུ།
2009.02.08
༄༅༎ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་ཁྲེན་ཧུའེ་པན་གྱི་སྐུ་ཟླ་ལྦུའུ་ཧྲུའུ་ཧྲེན་ལ་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་ཉེས་འཛུགས་བྱས་པའི་ཐོག་གཟའ་འཁོར་འདིའི་ནང་ཁྲིམས་ཁང་ནས་ཉིན་གཉིས་རིང་ཉན་ཞིབ་གནང་རྒྱུ་ཡིན་པ་རེད།
སྲིད་འཛིན་ཟུར་པ་ཁྲེན་ཧྲུའེ་པན་དང་ཁོང་གི་སྐུ་ཟླ་ལྦུའུ་ཧྲུའུ་ཧྲེན་དེ་བཞིན་ནང་མི་ཁག་ཅིག་ལ་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་བཙུགས་ཏེ་ལོ་གཉིས་ལྷག་ཕྱིན་པའི་རྗེས་ལྕམ་ལྦུའུ་ཧྲུའུ་ཧྲེན་རེས་གཟའ་མིག་དམར་གྱི་ཚོུད་གཉིས་དང་ཕྱེད་ཀའི་ཐོག་རྒྱལ་ས་ཐའེ་ཕེ་ཡིས་ཁྲིམས་ཁང་དུ་ཐེངས་དང་པོ་ངོ་བཅར་ཞུ་གི་ཡོད་པ་ཁོང་གི་བུས་གསར་འགོད་པར་གསུངས་ཡོད་པ་རེད། ལྕམ་ལྦུའུ་ཧྲུའུ་ཧྲེན་ནི་ཐའེ་ལྦན་གྱི་སྲིད་འཛིན་གྱི་ལྕམ་ནང་ནས་ཐེངས་དང་པོ་ལྐོག་ཟ་རུལ་སུངས་ཀྱི་ཉེས་དོན་ཉེས་གསོག་གི་ནག་ཉེས་བཙུགས་ཏེ་ཕྱི་ལོ་༢༠༠༦ལོར་ཐོག་མར་ཁོང་ལ་ནག་ཉེས་ཉེས་འཛུགས་བྱེད་པའི་སྐབས་གཞུང་གི་མ་དངུལ་ནས་ཨ་རིའི་ཌོ་ལར་ས་ཡ་བཅོ་ལྔ་ལྐོག་ཟ་བྱས་པའི་གྱོད་དོན་བཙུགས་ཡོད་པ་མ་ཟད་ད་དུང་ཁོང་གིས་དཔལ་འབྱོར་བེད་སྤྱོད་ལོག་པ་བཏང་བ་དང་ལྐོག་རྔན་ལེན་པའི་ཉེས་པ་ཡང་བཙུགས་ཡོད་ཀྱང་ཁོང་གིས་ནག་ཉེས་དེ་དག་ཚང་མ་ངོས་ལེན་གནང་གི་མེད་པ་རེད། ཡིན་ནའང་ཕྱི་ཟླ་དང་པོའི་ནང་གནས་ཚུལ་ལ་འགྱུར་བ་ཆེན་པོ་ཞིག་བྱུང་སྟེ་ཁོང་གི་བུ་དང་བོུའི་མག་པ་གཉིས་ཀྱིས་དངུལ་བེད་སྤྱོད་ལོག་པ་བཏང་བའི་ཉེས་གསག་ངོས་ལེན་བྱས་པ་མ་ཟད་ཁོང་གཉིས་ཀྱིས་ཕྱི་རྒྱལ་གྱི་དངུལ་ཁང་ནང་ཨ་རིའི་ཌོ་ལར་ས་ཡ་སུམ་ཅུ་སོ་བརྒྱད་བཅོལ་བའི་གནས་ཚུལ་དང་དེའི་ནང་ནས་ཌོ་ལར་ས་ཡ་ཉི་ཤུ་རྩ་གཅིག་སུད་སི་དངུལ་འཛིན་ནང་ཡོད་པ་དང་ད་དུང་གྱོད་དོན་གྱི་ཁ་མཆུ་བཙུགས་མཁན་གྱི་ཁྲིམས་རྩོད་པར་དངུལ་དམར་ག་པར་ཡོད་མེད་དང་ཨ་རིའི་ཌོ་ལར་ས་ཡ་དྲུག་བརྒྱ་ཙམ་ཐོབ་པའི་རྒྱན་ཆ་ལྕམ་ལྦུའུ་ཧྲུའུ་ཧྲེན་ཡིས་སྦས་གསང་བྱས་པའི་གནས་ཚུལ་རྣམས་གསལ་པོ་བཤད་རྒྱུའི་ངོས་ལེན་བྱས་ཡོད་པ་རེད༎