ཡོ་རོབ་སྤྱི་མཐུན་གྱི་ངོས་ནས་རྒྱ་ནག་མཉམ་འབྲེལ་བར་དོ་ཕོག་མི་གཏོང་བའི་ཐོག་ནས་མཐའ་གཅིག་ཏུ་བརྟེན་མི་དགོས་པའི་འབྲེལ་ལམ་བཟོ་ཐབས་ཀྱི་གྲོས་བསྡུར་གནང་རྒྱུ།
སྦརཱ་སེལསི་ནང་ད་རིང་གཟའ་པ་སངས་ནས་བཟུང་ཉིན་གྲངས་གཉིས་རིང་ཡོ་རོབ་སྤྱི་མཐུན་གྱི་ལྷན་ཚོགས་བསྐྱངས་ཀྱི་ཡོད་པ་དང་། Latvian གྱི་སྲིད་བློན་ Krisjanis Karins་མཆོག་གི་གསར་འགོད་པ་ཚོར། ད་ལྟའི་དུས་ཚོད་འདིར་ཆབ་སྲིད་ཀྱི་ཁོར་ཡུག་གི་གནས་སྟངས་དཔེར་ན། ར་ཤེ་ཡས་ཡུཀ་རན་ཐོག་དམག་འཁྲུག་མཚམས་འཇོག་ཡོང་ཐབས་སུ་རྒྱ་ནག་གིས་ར་ཤེ་ཡར་གནོན་ཤུགས་སྤྲོད་ཐབས་བྱེད་རྒྱུའི་མཚོན། རྒྱ་ནག་དང་མཉམ་དུ་འབྲེལ་བ་ཕྱོགས་ལ་ཉེན་ཁ་མེད་པ་ཞིག་བྱེད་དགོས་པ་སོགས་ཀྱི་གནད་དོན་ཞིག་ཆགས་ཡོད་རེད་ཅེས་གསུངས་ཡོད་འདུག ཡུ་རོབ་སྤྱི་མཐུན་གྱི་རྒྱལ་ཁབ་༢༧ གྱི་ངོས་ནས་རྒྱ་ནག་མཉམ་འབྲེལ་བ་བྱེད་ཕྱོགས་དེ་བཞིན་མཐའ་གཅིག་ཏུ་རྒྱ་ནག་ལ་ཚོང་འབྲེལ་དང་། ཕྱི་ཚོང་སོགས་བསྟུན་མི་དགོས་པ་གང་ཞིག་ལ་ཕྱོགས་གཞན་ཞིག་ནས་གནམ་གཤིས་འགྱུར་ལྡོག་གི་གནད་དོན། དེ་བཞིན་བཞིན་ར་ཤེ་ཡ་དང་རྒྱ་ནག་གཉིས་འབྲེལ་བ་ད་ལྟའི་ཆར་ཡག་པོ་ཡོད་པའི་ཆ་ནས་ཡུཀ་རན་གྱི་དམག་འཁྲུགམཚམས་འཇོག་ཡོང་ཐབས་སུ་རྒྱ་ནག་གིས་ར་ཤེ་ཡར་གནོན་ཤུགས་སྤྲོད་ཐབས་བྱེད་དགོས་པ་སོགས། ཡུ་རོབ་སྤྱི་མཐུན་གྱི་ངོས་ནས་རྒྱ་ནག་མཉམ་འབྲེལ་བ་བྱེད་ཕྱོགས་ལ་བསམ་བློ་གསར་པ་ཞིག་གཏོང་རྒྱུའི་གྲོས་བསྡུར་གནང་འཆར་ཡོད་འདུག
འོན་ཀྱང་ཡོ་རོབ་སྤྱི་མཐུན་གྱི་ཚོགས་མིའི་རྒྱལ་ཁབ་སོ་སོའི་ངོས་ནས་ཚོང་འབྲེལ་གྱི་ཐོག་ནས་རྒྱ་ནག་མཉམ་འབྲེལ་བ་བྱེད་ཕྱོགས་དང་རྒྱ་ནག་གི་ཕྱོགས་ནས་ཀྱང་ལྟ་སྟངས་མི་འདྲ་བ་ཡོད་པའི་ཆ་ནས་དཀའ་ངལ་ཞིག་ཆགས་ཀྱི་ཡོད་འདུག།
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག