མི་རིཊ་བར་གཉེན་སྒྲིག་གི་ལམ་ནས་མི་རིགས་ཆིག་བསྒྲིལ་བྱེད་དགོས།


2014.06.20
བོད་རང་སྐྱོང་ལྗོངས་ཟེ་འབོད་པའི་དམར་ཤོག་ཚོགས་པའི་དྲུང་ཆེ་Chen Quanguo བོད་རང་སྐྱོང་ལྗོངས་ཟེ་འབོད་པའི་དམར་ཤོག་ཚོགས་པའི་དྲུང་ཆེ་Chen Quanguo
དྲ་བཤུས

བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཡིས་མི་རིཊ་བར་གྱི་གཉེན་སྒྲིག་གི་ལམ་ནས་མི་རིགས་ཆིག་བསྒྲིལ་སྤེལ་དགོས་པ་བརྗོད་འདུག
དེ་ཡང་བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་ཕྱི་ཟླ་༦པའི་ཚེས་༡༩ཉིན་སྤེལ་བའི་གནས་ཚུལ་ཞིག་ནང་། ཕྱི་ཚེས་༡༨ཉིན་གྱི་རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་ཟེ་འབོད་པའི་དམར་ཤོག་ཚོགས་པའི་དྲུང་ཆེ་Chen Quanguoགིས་ཚོགས་འདུ་ཞིག་བསྐོང་ཚོགས་བྱས་པའི་སར་ལྷ་སར་མི་རིགས་འདྲེས་མའི་གཉེན་འགྲིག་གི་ལམ་ནས་བོད་ནང་གྲངས་ཉུང་མི་རིགས་ཆིག་སྒྲིལ་ཡོང་ཐབས་གལ་ཆེན་པོ་ཡིན་ལུགས་བཤད་ཡོད་པ་རེད། ཚོགས་འདུ་དེའི་ཐོག་རང་སྐྱོང་ལྗོངས་ཀྱི་ས་གནས་དཔོན་རིགས་ Wu Yingjie, Qizhala, དང་། Dong Yunhu མཉམ་ཞུགས་བྱས་ཡོད་པ་རེད། སྐབས་དེར་དམར་ཤོག་ཚོགས་པའི་དྲུང་ཆེ་Chenགྱིས་རྒྱ་ནག་གི་སྲིད་འཛིན་ཤིན་ཅིང་ཕིང་གིས་ཉེ་ལམ་ཤིན་ཅང་དུ་བལྟ་སྐོར་གཟིགས་ཞིབ་སྐབས་སུ་སྤེལ་བའི་གསུངས་བཤད་ལག་བསྟར་དགོས་རྒྱུ་ནན་བཤད་དང་ཡང་ཁོང་གིས་ཕན་ཚུན་གོ་རྟོགས་སྤེལ་རེས་དང་། བཟོད་བསྲན་བྱེད་པ། སློབ་སྦྱོང་དང་རོགས་རམ་གྱི་བརྒྱུད་ནས་གྲང་ཉུང་མི་རིགས་ཕན་ཚུན་གཉེན་འགྲིག་ཡོངས་ཐབས་ཀྱི་བསྐུལ་ལྕག་ནན་པོ་བྱས་ནས་བོད་ནང་དུ་མི་རིགས་ཕན་ཚུན་ཆིག་སྒྲིལ་དང་གོང་བུ་གཅིག་གྱུར་ཡོངས་ཐབས་ལ་འབད་དགོས་པའི་གཏམ་བཤད་སྤེལ་ཡོད་པ་རེད་འདུག
གསར་འགོད་པ་རྡོ་རྗེ་དགྲ་འདུལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎