ཞི་བའི་ངོ་རྒོལ་སྤེལ་མཁན་བོད་མི་ཞིག་རྒྱ་གར་དུ་འབྱོར་ཡོད་པ།

བོད་ནང་བོད་མི་ཚོས་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་རྗེས་ལས་འགུལ་ནང་མཉམ་ཞུགས་གནང་མཁན་བོད་མི་ཞིག་རྒྱ་གར་དུ་བྲོས་བྱོལ་དུ་འབྱོར་ཡོད་པའི་གནས་ཚུལ་ཐོན་འདུག

2008.05.14

༄༅༎ཉེ་ཆར་བོད་ནང་བོད་མི་ཚོས་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་རྗེས་ལས་འགུལ་ནང་མཉམ་ཞུགས་གནང་མཁན་བོད་མི་ཞིག་རྒྱ་གར་དུ་བྲོས་བྱོལ་དུ་འབྱོར་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་དེང་སྐབས་རྒྱ་གར་ནང་བྲོས་བྱོལ་དུ་འབྱོར་བའི་ད་ཆ་དགུང་གྲངས་༣༨ཡིན་པའི་བོད་མི་ཀུན་བཟང་བསོད་ནམས་ལགས་ཀྱིས་གསུངས་ན་ བོད་ཀྱི་རྒྱལ་ས་ལྷ་སའི་ནང་བོད་མི་ཚོས་ཉིན་བཞི་བསྟུད་མར་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་རྗེས་གསུམ་པའི་ཚེས་བཅུ་བཞི་ཉིན་རྒྱ་ནག་གི་ཉེན་རྟོག་དམག་མིས་བོད་མི་ངོ་རྒོལ་ནང་མཉམ་ཞུགས་གནང་མཁན་ཚོར་རྒོལ་རྡུང་དྲག་གནོན་ཤུགས་ཆེ་བྱས་ཡོད་པ་རེད་ཅེས་དང་ ཡང་བསོད་ནམས་ལགས་ཀྱིས་ང་ཚོས་བོད་མིའི་སྒེར་ལངས་ལས་འགུལ་སྤེལ་ནས་ལོ་ངོ་༤༩འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བའི་ཉིན་མོར་རྒྱ་ནག་གི་དམག་མིས་མཚོན་ཆ་འཁྱེར་ནས་ང་ཚོའི་ཐོག་རྒོལ་རྡུང་བྱས་ཡོད་པ་རེད་ ང་ཚོས་ཞི་བའི་ངོ་རྒོལ་བྱེད་སྐབས་དམག་མིས་ལམ་སེང་མེ་མདའ་རྒྱབ་པ་དང་ དུ་རླང་དབླུགས་པ་སོགས་ང་ཚོའི་ཐོག་མཚོན་ཆ་བེད་སྤྱོད་བྱས་ནས་མི་མདའ་དང་གྲིའི་འོག་བོད་མི་མང་པོ་ཞིག་རྐྱེན་འདས་སུ་གྱུར་བ་དང་རྨས་སྐྱོན་ཕོག་ཡོད་པ་རེད་ཅེས་དང་ཡང་ཁོང་གིས་ད་རེས་བྲོས་བྱོལ་དུ་ཡོང་བའི་སྐབས་ས་མཚམས་སུ་རྒྱ་མིའི་དམག་མིས་དམ་བསྒྲགས་ནན་པོ་བྱས་པའི་དབང་གིས་ལམ་བར་ཉིན་གྲངས་༡༢ཙམ་འགོར་ཡོད་ལུགས་དང་གལ་ཏེ་ཁོ་རང་ད་རེས་བྲོས་བྱོལ་དུ་ཕེབས་མ་ཐུབ་པར་ལམ་བར་ནས་རྒྱ་མིའི་དམག་མིས་འཛིན་བཟུང་བྱས་པ་ཡིན་ན་ཤི་རྒྱུ་མ་གཏོགས་གནས་ཐབས་མེད་པ་རེད་དེ་ནི་ངས་གསལ་པོ་ཤེས་ཀྱི་ཡོད་ཅེས་དཀར་མཛེས་བོད་རིགས་རང་སྐྱོང་ལྗོངས་ཁུངས་སུ་ཡོད་པའི་དར་རྩེ་མདོ་རྫོངས་ཁུངས་ནས་ཡིན་པའི་བོད་མི་ཀུན་བཟང་བསོད་ནམས་ལགས་རྒྱ་གར་ནང་སྐྱབས་བཅོལ་དུ་འབྱོར་མ་ཐག་གསར་འགོད་པའི་ཐོག་མའི་འདྲི་བའི་ཐོག་ལན་འདེབས་གནང་འདུག་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎