རྒྱ་ནག་གཞུང་ལ་བོད་དོན་དཀའ་རྙོག་སེལ་རྒྱུའི་འདོད་པ་མེད།

རྒྱ་ནག་གིས་བོད་དོན་དཀའ་རྙོག་སེལ་ཐབས་ཀྱི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་གྲོས་མོལ་བྱ་རྒྱུའི་ཆབ་སྲིད་ཀྱི་འདོད་པ་མེད་ལུགས།

2011.11.30

༄༅༎ཕྱི་ཚེས་ ༢༩ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་གིས་ཡུ་རོབ་གྲོས་ཚོགས་སུ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཞུགས་མོལ་ལྷན་ཚོགས་ཤིག་གི་སྐབས་བོད་རྒྱ་འབྲེལ་མོལ་སྐོར་གསུང་བཤད་གནང་བའི་ནང༌། རྒྱ་ནག་ཕྱོགས་ནས་བོད་དོན་དཀའ་རྙོག་སེལ་ཐབས་ཀྱི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་གྲོས་མོལ་བྱ་རྒྱུའི་ཆབ་སྲིད་ཀྱི་འདོད་པ་མེད་པ་གསལ་བསྟོན་གནང་བཞག།
སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་གིས་ཡུ་རོབ་གྲོས་ཚོགས་དང་བོད་དོན་རྒྱབ་སྐྱོར་བ་གྲོས་ཚོགས་འཐུས་མི་ལྷན་ཚོགས་བཅས་ཀྱིས་ཞུགས་མོལ་ལྷན་ཚོགས་དེ་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ལྷན་ཚོགས་འདི་བརྒྱུད་ད་ལྟ་འཇིག་སྣང་དང་དངངས་སྐྲག་འོག་གནས་བཞིན་པའི་གཞིས་ལུས་བོད་མི་ཚོའི་དཀའ་ངལ་ལ་ཐུགས་འཚབ་དང་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་ཤུགས་ཆེ་ཡོད་པའི་བརྡ་ལན་གསལ་པོ་གནང་ཡོད་པ་དང། དེང་སྐབས་རྒྱ་ནག་གཞུང་གིས་བོད་ནང་འཛམ་གླིང་ཕྱི་ཕྱོགས་ནས་འབྲེལ་བ་རྩ་བ་ནས་བྱེད་མི་བཅུག་པའི་ཁར་བོད་ནང་དུ་རྒྱ་ནག་གཞུང་གི་དམག་མི་དང་ཉེན་རྟོག་མི་སྣ་སོགས་ཀྱིས་རང་སྣང་གང་དྲན་གྱིས་དམ་བསྒྲགས་བྱེད་བཞིན་ཡོད་ཅེས་དང་ ཡང་བོད་རྒྱ་འབྲེལ་མོལ་ཐོག་གསུངས་དོན། དེ་རིང་ཚོགས་འདུའི་སྐབས་ཕྲན་རང་གི་ལས་འགན་ནི་བོད་རྒྱ་འབྲེལ་མོལ་གྱི་ད་ལྟའི་གནས་བབ་ཇི་ཡིན་སྐོར་གསལ་བཤད་ཞུ་རྒྱུ་ཡིན་ཞེས་སོགས་ཀྱི་ངོ་སྤྲོད་གནང་གྲུབ་བསྟུན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་གནད་དོན་དེ་བཞིན་འཚེ་བ་མེད་པའི་གྲོས་མོལ་གྱི་ལམ་ནས་སེལ་ཐབས་ཡོང་ཆེད་ཕྱི་ལོ་ ༡༩༨༨ ལོར་སི་ཊར་སི་སྦག་ཏུ་ཞི་བའི་དོན་ཚན་ལྔ་འདོན་གནང་མཛད་པ་དང་། དེ་རྗེས་རིམ་བཞིན་རྒྱ་ནག་དང་ལྷན་གྲོས་མོལ་བྱུང་བའི་རྒྱུད་རིམ་རྣམས་རེ་རེ་བཞིན་ངོ་སྤྲོད་ཞིབ་ཕྲ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎