ཕ་སར་བདག་སྐྱོང་བྱེད་དགོས།


2013.06.28
ཀླུ་ཆུར་ཁོར་ཡུག་སྲུང་སྐྱོབ་དང་། ཕ་སར་བདག་སྐྱོང་ཞེས་པའི་ལས་འགུལ་སྤེལ་བ།
བོད་ནས་བཏང་འབྱོར།

༄༅།    །དེ་ཡང་བོད་ནས་ང་ཚོ་རླུང་འཕྲིན་ཁང་ལ་བཏང་བའི་གནས་ཚུལ་ལྟར་ན། ཁ་སང་ཕྱི་ཚེས༢༧ཉིན་ཀན་ལྷོ་ཀླུ་ཆུ་ཕྱོགས་སུ་མང་ཚོགས་རིག་གནས་སྒྱུ་རྩལ་དུས་ཆེན་ཞེས་སྤེལ་ཡོད་པ་དང་། གོ་སྐབས་དེ་དང་བསྟུན་དུས་ཆེན་རྟ་རྒྱུག་གི་ཉིན་མོ་འདིར་མང་ཚོགས་ཀྱིས་རྩྭ་ཐང་དུ་སྐོམ་ཆུའི་སྣོད་དང་། ཤེལ་དམ། འགྱིག་ཁུག་སོགས་གང་འདོད་དུ་གཡུགས་ནས་ཁོར་ཡུག་ལ་སྦགས་བཙོག་བཟོས་པས། ཐད་ཀར་ཀླུ་ཆུ་རྫོང་མཚོ་ཉིན་ལྟེ་བའི་སློབ་ཆུང་གི་དགེ་སློབ་ཡོངས་ཀྱིས་སྣེ་ཁྲིད་ཐོག་ཁོར་ཡུག་སྲུང་སྐྱོབ་དང་། ཕ་སར་བདག་སྐྱོང་བྱོས་ཞེས་པའི་བརྗོད་གཞིའི་འཕྲེད་དར་འཁྱེར་ནས་མང་ཚོགས་འཛོམས་སར་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པའི་དམིགས་ཡུལ་དང་། ཕན་ཡོན་སོགས་ཤེས་བྱ་བརྒྱུད་བསྒྲགས་གནང་འདུག ཁོར་ཡུག་གཙང་བཟོ་དང་། གད་སྙིགས་འཐུ་བ་སོགས་གནང་བར་ཉེ་འཁོར་ནས་བོད་མི་མང་པོ་རང་འགུལ་གྱིས་མཉམ་ ཞུགས་བྱས་ཡོད་པ་རེད། སྐབས་དེར་དགེ་རྒན་ཞིག་གིས་བརྗོད་དོན། ང་ཚོས་སྣེ་ཁྲིད་ནས་ལས་འགུལ་སྤེལ་དུས།    དེར་ཡོད་མང་ཚོགས་ནས་ང་ཚོའི་མཉམ་དུ་གད་སྙིགས་འཐུ་རོགས་བྱས་བས་བྱ་འགུལ་ཚགས་ཚུད་བྱུང་ཅེས་གསུངས་འདུག    སྐབས་དེར་ཁོང་ཚོས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཤེས་བྱ་བརྒྱུད་བསྒྲགས་བྱས་པའི་ཡིག་ཆའི་ནང་ཁོར་ཡུག་སྲུང་སྐྱོབ་ནི་མི་རེ་རེ་ལ་འགན་ཁུར་ཡོད་པའི་ལས་འགན་གལ་ཆེན་ཡིན་པ་དང་། ལྷག་པར་རང་གི་ཕ་ས་ལ་ཤ་ཚ་བ་དང་། བདག་པོ་རྒྱག་རྒྱུ་ནི་ཧ་ཅང་གལ་ཆེ་བའི་གནད་དོན་ཞིག་ཡིན། ལྷག་པར་མཛེས་སྡུག་གི་ཕ་ས་ནི་ཕ་མེས་ཡང་མེས་དག་གིས་རིན་ཆེན་ཚེ་སྲོག་ལ་བརྗེ་ བའི་ཤུལ་བཞག་གི་རྒྱུ་ནོར་ཡིན་པས། ཕ་ས་སྨུག་པོ་འདིའི་ཕྱི་ནང་གི་ཚེ་སྲོག་ལ་ཚང་མས་སྲུང་སྐྱོབ་བྱེད་དགོས་བ་སོགས་ འཁོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎