མདོ་སྨད་ཀྱི་ས་ཁུལ་ཁག་ཅིག་ནང་མང་ཚོགས་ཀྱི་དང་བླངས་ཐོག་ཁོར་ཡུག་གཙང་བཟོ།


2018.11.23
མགོ་ལོག་རྨ་སྟོད་རྫོང་དུ་ཁ་བ་བབས་འདུག བོད་ནང་གི་མགོ་ལོག་རྨ་སྟོད་རྫོང་དུ་ཁ་བ་བབས་དེ་ཟོག་ལུག་སེམས་ཅན་ལ་གཟན་རྩ་མེད་པར་ཤི་ཉེན་གྱིས་དཀའ་ངལ།
ཀུན་བཟང་བསྟན་འཛིན།

བོད་མདོ་སྨད་ནང་མང་ཚོགས་ཀྱི་དང་བླངས་ཐོག་ཁོར་ཡུག་གཙང་བཟོ་དང་དགུན་ཁའི་གངས་ཕྱགས་བའི་གནས་ཚུལ་བྱུང་ཡོད་འདུག དེང་སྐབས་བོད་ནང་གནམ་གཤིས་ཇེ་གྲང་དུ་འགྲོ་བཞིན་པ་དང་ལྷག་པར་དུ་གངས་བབས་ནས་འགྲུལ་བཞུད་ཀྱི་དོན་རྐྱེན་མང་པོ་ཞིག་བྱུང་དང་འབྱུང་བཞིན་ཡོད་པར་བརྟེན་བོད་ནང་གི་ས་གནས་མང་པོ་ཞིག་གི་ནང་དུ་མང་ཚོགས་ཀྱིས་དང་བླངས་ངང་ཁོར་ཡུག་གཙང་བཟོ་དང་ལམ་རྩུབ་ས་སོགས་སུ་འགྲུལ་བཞུད་པ་རྣམས་ལ་རོགས་རམ་གནང་བཞིན་ཡོད་པའི་སྐོར་ལ་བོད་ནང་གི་བོད་མི་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་བརྗོད་ཡོད་པ་རེད་    ཁོང་གིས་བརྗོད་དོན་གཙོ་བོ་མཚོ་སྔོན་ཞིང་ཆེན་ཀྱི་ཁོངས་གཏོགས་མང་ར་རྫོང་སྒོ་མང་གྲོང་བརྡལ་དུ་དཔེར་ན་འདས་བའི་ལོ་གཅིག་གི་རིང་ལ་མང་ཚོགས་ཀྱིས་དང་བླངས་ངང་ཁོར་ཡུག་གཙང་བཟོ་སོགས་བྱས་ཏེ་ལོ་མཇུག་བྱ་བའི་སྤྱི་སྡོམ་ཚོགས་འདུ་ཤིག་ཟླ་བ་འདིའི་ཕྱི་ཚེས་ ༢༢ ཉིན་ཆོས་ཚ་ཞེས་པར་བསྡུས་ཏེ་ལོ་འདིར་གད་སྙིགས་གཙང་སེལ་དང་རི་སྐྱེས་འདབ་ཆགས་སྲུང་སྐྱོབ་། ཆུ་མིག་རླན་གཤེར་སྲུང་སྐྱོབ་། འགྲིམས་འགྲུལ་བདེ་འཇགས་སོགས་ཀྱི་ལས་འགུལ་ ༡༣ སྤེལ་བའི་སྐོར་གསལ་བསྒྲགས་དང་དེ་བཞིན་ཚན་ཆུང་སོ་སོ་དང་། རུ་ཁག་རེ་རེར་ཆ་བགོས་ཀྱིས་མུ་མཐུད་དུ་སྤྱི་ཚོགས་ཕན་བདེའི་བྱ་བ་སྒྲུབ་དགོས་ལུགས་བརྗོད་སོང་ད་དུང་ཚོགས་ཐོག་དུ་ཁོར་སྲུང་དང་བླངས་སྔོན་ཐོན་པ་མི་དྲུག་ལ་གཟེངས་སྟོད་བྱ་དགའ་རེ་ཡང་སྤྲད་སོང་།   རྒྱལ་ཁབ་ཀྱི་ངོས་ནས་གཟེངས་སྟོད་རེ་བྱེད་པ་དང་གད་སྙིགས་འབོར་བྱེད་ཀྱི་རླུང་འཁོར་རེ་དང་རྐང་གསུམ་རེ་སྤྲོད་པ་མ་གཏོགས་འགན་ཆེན་པོ་ཁུར་གི་མེད་པར་གཙོ་བོ་དངས་བླངས་ཀྱི་སྒོ་ནས་མང་ཚོགས་ཚོས་སྒྲུབ་བཞིན་ཡོད་སྐོར་བརྗོད་ཡོད་།  དེ་དང་ཆབས་ཅིག་ཀན་ལྷོ་དང་། རེབ་གོང་། མདོ་ལ་རྨ་ལུང་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཅེས་བ་སོགས་ས་གནས་སོ་སོའི་ནང་དབྱར་དགུན་སྟོན་དཔྱིད་ཀྱི་ནམ་ཟླ་རེ་རེར་མང་ཚོགས་ཚོས་དང་བླངས་ཀྱི་སྒོ་ནས་ཁོར་ཡུག་སྲུང་སྐྱོབ་དང་གཞུང་ལམ་སྟེང་གི་གངས་ཕྱགས་པ་སོགས་སྤྱི་ཚོགས་དྲ་ལམ་ཁག་དུ་གནས་ཚུལ་དང་འབྲེལ་བའི་འདྲ་པར་དང་བཅས་བོད་ཡིག་དང་རྒྱ་རིགས་གཉིས་ཀྱི་བྲིས་བའི་བསྔགས་བརྗོད་ཀྱི་ཡི་གེ་མང་པོ་ཞིག་སྤེལ་བཞིན་ཡོད་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་འདུག

གསར་འགོད་པ་ཀུན་བཟང་བསྟན་འཛིན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎