འཛམ་གླིང་ཁོར་ཡུག་སྲུང་སྐྱོབས་ཀྱི་གྲོས་གཞིར་རྒྱབ་སྐྱོར།
2012.02.01
༄༅༎ཕ་རན་སི་ཡུལ་གྱིས་བཏོན་པའི་ཁོར་ཡུག་སྲུང་སྐྱོབས་དང་འབྲེལ་བའི་གྲོས་འཆར་དེ་བཞིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུལ་སྲུང་སྐྱོབས་ལས་འཆར་ཐོག་ཤུགས་སྣོན་ཐེབས་རྒྱུར་དམིགས་ནས་བཏོན་པ་ཞིག་ཡིན་པ་དང་། ཕེ་རན་སི་གཞུང་གིས་བཏོན་པའི་ལས་འཆར་དེའི་ནང་།ཁོར་ཡུག་སྲུང་སྐྱོབས་ཀྱི་ལས་འཆར་དེ་བཞིན་རྒྱལ་སྤྱིའི་རིམ་པར་གོམ་སྟབས་སྤོས་ནས་ གཞི་རིམ་མང་ཚོགས་ཀྱི་ཚོགས་སྡེ་དང་། ཚོང་ལས་ཁང་གི་ཚོས་སྡེ་སོགས་དང་མཉམ་ལས་བྱ་རྒྱུ་སོགས་ཀྱི་གྲོས་གཞི་འཁོད་ཡོད་ཅིང་ ཕེ་རན་སིའི་སྐྱེ་དངོས་གནས་སྟངས་ལྷན་ཁང་གི་བློན་ཆེན་ན་ཐེ་ལི་ཀོ་ཤུསི་ཀོ་མོ་རི་ཛེཏ་ཡིས་གྲོས་འཆར་དེའི་སྐོར་གསར་འགོད་པའི་དྲི་བར་ལན་འདེབས་གནང་བའི་སྐབས་ད་ལྟའི་ཆར་ཨ་རི་གཞུང་གིས་གྲོས་འཆར་དེའི་ཐོག་རྒྱབ་སྐྱོར་གྱི་རྣམ་འགྱུར་ཁ་གསལ་སྟོན་གནང་མེད་པ་གསུངས་ཡོད་ཅིང་། ཕེ་རན་སི་གཞུང་གིས་གྲོས་འཆར་དེ་བཞིན་ད་ལོ་ཕྱི་ཟླ་དྲུག་པའི་ཚེས་༢༠ནས་༢༢བར་ཕ་རན་སི་ནང་ཚོགས་རྒྱུའི་རྒྱལ་སྤྱིའི་ཁོར་ཡུག་སྐོར་གྱི་ལྷན ཚོགས་ཐོག་བཏོན་རྒྱུའི་འཆར་གཞི་ཡོད་པ་དང་། ང་ཚོས་ཁོར་ཡུག་སྲུང་སྐྱོབས་ཀྱི་ལས་དོན་ཐོག་རྒྱལ་ཁབ་ཁག་གི་སྲིད་བྱུས་གསར་པ་ཞིག་བཏོན་ཐུབ་རྒྱུར་རེ་བ་བྱེད་ཀྱི་ཡོད། ཁོར་ཡུག་སྲུང་སྐྱོབས་ཀྱི་ལས་དོན་ནང་། གཞུང་གི་ཐེ་བྱུས་གཅིག་པུ་མིན་པར་ཚོགས་སྡེ་དང་ཚོང་ལས་ཁང་མི་སྒེར་ཚང་མས་ཐེ་བྱུས་བྱ་ཐུབ་པའི་སྲིད་བྱུས་ཞིག་བཏོན་ཐུབ་པའི་འབད་རྩོན་བྱེད་བཞིན་ཡོད་ཅེས་གསུངས་འདུག།