མེས་པོ་དམ་པ་གྷན་དྷིའི་རྗེས་འབྲང་པ་དགོངས་པ་རྫོཊ་ཡོད་པ།
2008.05.05
༄༅༎རྒྱ་གར་གྱི་མེས་པོ་དམ་པ་གྷན་དྷིའི་རྗེས་འབྲང་པ་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་ ནིར་མྰ་ལཱ དེཤ་པན་ཌེ་ ཕྱི་ཟླ ༥ པའི་ཚེས་ ༡ ་གི་ཉིན་སྐུ་ཚེའི་ཕན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་པ་དང༌། ཁོང་ནི་རྒྱུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་པས། ཕྱི་ཚེས་ ༢ ་ཉིན་བཙན་བྱོལ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་དང་ཕྱག་འབྲེལ་སྤྱི་འཐུས་ཁག་ཅིག་གིས་ཕྱི་ཚེས་ ༢ ་ཉིན་ཁོང་གི་སྐུ་ཕུང་བཞུ་འབུལ་ལ་བཅར་ཡོད་འདུག མེས་པོ་དམ་པ་གྷན་དྷིའི་རྗེས་འབྲང་པ་ལྕམ་ ནིར་མྰ་ལྰ ་དེཤ་པན་ཌེ ་ནི་ཕྱི་ལོ་ ༡༩༢༩ ལོར་རྒྱ་གར་གྱི་ ནག་པུར གྲོང་ཁྱེར་ནང་སྐུ་འཁྲུངས་ཤིང་། སྐུ་ན་ཆུང་དུས་ནས་མེས་པོ་དམ་པ་གྷན་དྷིའི་ལྟ་བར་འཇུག་སྟེ། སྤྱི་ཚོགས་བདེ་དོན་གྱི་ལས་དོན་གཉེར་མཁན་གྱི་རྒྱ་གར་རྒྱལ་ཡོངས་ནང་མཚན་སྙན་གྲགས་པའི་དབུ་ཁྲིད་ཅིག་འགྱུར་ཡོད་པ་དང༌། ད་རེས་ཁོང་སྐུ་ཚེའི་ཕན་པ་རྫོགས་པའི་སྐབས་སུ་ཁོང་དགུང་གྲངས་ ༧༩ ་ཡིན་པ་དང་། ད་དུང་ཁོང་དགོངས་པ་རྫོགས་པའི་གནས་ཚུལ་ཐད་རྒྱ་གར་གྱི་སྲིད་འཛིན་དང་སྲིད་བློན་གྱིས་གཙོས་དབུ་ཁྲིད་ཁག་གིས་ཆེ་བསྟོད་ཆེན་པོ་ཞུས་ཡོད་པ་དང༌། ཁོང་གི་སྐུ་ཕུང་བཞུ་འབུལ་གྱི་སྐབས་སུ་ ཀོང་གྷེ་རེས྄ ་ཚོགས་པའི་ རཱཧུལ ་གྷན་དྷིས ་གཙོས་ཆེས་མཐོའི་དཔོན་རིགས་མང་དག་ཅིག་ཀྱང་ཕེབས་ཡོད་པར་བོད་མི་མང་སྤྱི་འཐུས་རྣམ་པས་རྒྱ་གར་ཆེས་མཐོའི་དཔོན་རིགས་ཁག་ཅིག་དང་ཡང་ཟུར་མཇལ་གནང་ཡོད་འདུག།