ཨི་ཇིབ་སྲིད་འཛིན་གྱིས་སྲིད་འཛིན་མཚན་གནས་ནས་དགོངས་ཞུ།

ཨི་ཇིབ་སྲིད་འཛིན་གྱི་མཚན་གནས་ནས་ཕྱིར་བཤོལ་བྱས་ཏེ་ཡུལ་གྱི་དབང་ཆ་དེ་དྲག་པོའི་དམག་སྤྱི་མཐོ་གྲས་ཚོར་སྤྲད་ཡོད་པ་རེད།

2011.02.11

༄༅༎རེས་གཟའ་པ་སངས་ཀྱི་ཉིན་ཨི་ཇབ་ཀྱི་རྒྱལ་ས་ཀའེ་རོའོ་ནང་མི་མང་སྟོང་ཚོ་མང་པོ་དགའ་སྤྲོའི་རྣམ་པས་འཁེངས་བ་དེ་ནི་ད་ཕན་སྲིད་འཛིན་མུ་སྦ་རཀ་ཡིས་སྲིད་འཛིན་གྱི་དབང་ཆ་ལོ་ངོ་ཧྲིལ་པོ་༣༠་བཟུང་བའི་རྗེས་སྲིད་འཛིན་གྱི་མཚན་གནས་ནས་ཕྱིར་བཤོལ་བྱས་ཏེ་ཡུལ་གྱི་དབང་ཆ་དེ་དྲག་པོའི་དམག་སྤྱི་མཐོ་གྲས་ཚོར་སྤྲད་ཡོད་པ་རེད།

ཨི་ཇབ་ཀྱི་རྒྱལ་ཡོངས་བརྙན་འཕྲིན་ཐོག་སྲིད་འཛིན་སྐུ་གཞོན་ཨོ་མའར་སུ་ལེ་མའན་ཡིས་སྲིད་འཛིན་མུ་སྦ་རཀ་སྲིད་འཛིན་གྱི་མཚན་གནས་ནས་ཕྱིར་བཤོལ་གནང་བའི་གནས་ཚུལ་དེ་གསལ་བསྒྲགས་གནང་བ་དང་ཡུལ་གྱི་དབང་ཆ་ཆེས་མཐོའི་བདེ་སྲུང་བཀོད་འདོམས་ལྷན་ཁང་གིས་ལས་འགན་འཁྱེར་རྒྱུའི་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད།

དགུང་གྲངས་༨༢་ལ་ཕེབས་པའི་སྲིད་འཛིན་མུ་སྦ་རཀ་ཡིས་སྲིད་འཛིན་གྱི་མཚན་གནས་ནས་དགོངས་ཞུ་གནང་གྲུབ་རྗེས་རྣམ་ཀུན་ཁོང་རང་གི་གུང་སེང་གཏོང་ཡུལ་རྒྱ་མཚོ་དམར་པོའི་འགྲམ་གྱི་ཤམ་ཨེལ་ཤེཀ་ཞེས་པའི་བཞུགས་གནས་དེར་ཕེབས་ཐོན་ཟིན་པའི་སྐོར་གཞུང་འཛིན་ལྷན་ཁང་གིས་འགྲེལ་བརྗོད་བྱས་ཡོད་པ་རེད།

ཀའེ་རོའོ་རྒྱལ་སའི་ཊ་ཧིར་ཞེས་པའི་མདུན་ཐང་ཐོག་འདས་པའི་གཟའ་འཁོར་གཉིས་ཙམ་གྱི་རིང་མི་མང་གིས་སྲིད་འཛིན་མུ་སྦ་རཀ་ཡི་གཞུང་སྲིད་ཕྱིར་བཤོལ་དགོས་པའི་སྐད་འབོད་སྟུད་མར་རྒྱབ་ཏེ་ད་རེས་དངོས་སུ་སྲིད་འཛིན་མུ་སྦ་རཀ་ཕྱིར་བཤོལ་བཏང་ཐུབ་པ་དེས་མི་མང་ཚོས་

སྐྱབས་དམ་པ་དཀོན་མཆོག་ཡིན་ཞེས་དེ་ཁུལ་དུ་ཤོག་འབག་སྤར་བ་སོགས་དགའ་སྟོན་ཞིག་ཀྱང་བྱས་ཡོད་པའི་གནས་ཚུལ་ཐོན་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎