ཨི་བྷོ་ལ་ནད་འབུ་ཅན་ཞིག་ཨ་རིའི་ནེའུ་ཡོག་ནང་འབྱོར་ཡོད་འདུག


2014.10.24
ཨི་བྷོ་ལ་ནད་འབུ་ཅན་ཞིག་ཨ་རིའི་ནེའུ་ཡོག་ནང་འབྱོར་ཡོད་འདུག ཨི་བྷོ་ལ་ནད་འབུ་ཅན་ཞིག་ཨ་རིའི་ནེའུ་ཡོག་ནང་འབྱོར་ཡོད་འདུག
དྲ་བཤུསCNN

ཨ་རིའི་གཞུང་གིས་ཨ་ཧྥི་རི་ཀའི་ནང་འགྲོ་མྱོང་མཁན་སྨན་པ་ཞིག་ཕྱིར་ཨ་རིའི་ནེའུ་ཡོག་ལ་འབྱོར་སྐབས་ཨེ་བྷོ་ལཱ་ནད་ཡམས་འགོས་ཡོད་པ་བསྒྲགས་འདུག
དེ་ཡང་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་གྱི་སྨན་པ་Craig Spencerཞེས་བ་ཉེ་ཆར་Ebolaའགོས་ནད་ཁྱབ་མདལ་འགྲོ་སའི་Guinea ཡུལ་དུ་སྨན་བཅོས་རོགས་རམ་དུ་ཕེབས་ནས་ཉིན་དྲུག་གི་གོང་ཨ་རིའི་ནང་ཕྱིར་ལོག་ཕེབས་ཡོད་པ་དང་། དེ་རིང་གཟའ་པ་སངས་ཉིན་ཁོང་ལ་དགོས་ནད་དེའི་ནད་རྟགས་ཐོན་ཡོད་པར་བརྟེན་ད་ལྟ་སྨན་པ་ཁོང་ལོགས་སུ་བཞག་ནས་སྨན་བཅོས་བརྟག་དཔྱད་བྱེད་བཞིན་པ་དང་། ཁོང་ཨ་རིའི་ནང་འགོས་ནད་དེའི་རིགས་ཕོག་མཁན་མི་གྲངས་བཞི་པ་དེ་ཆགས་ཡོད་པ་རེད། དེ་བཞིན་སྨན་པ་དེ་དང་འབྲེལ་བ་བྱུང་བའི་མི་རྣམས་འཚོལ་ཞིབ་བྱེད་བཞིན་ཡོད་འདུག གོང་ཞུས་སྨན་པ་དེ་བཞིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནང་Ebolaདགོས་ནད་ཀྱི་ནད་རྟགས་ཐོན་མཁན་ཐོག་མ་དེ་ཆགས་ཡོད་པ་དང་། ནུབ་ཨ་ཧྥེ་རི་ཀའི་ཡུལ་གྲུ་ཁག་ནང་Ebolaའགོས་ནད་ཁྱབ་མདལ་བྱུང་བའི་རྗེས་ད་བར་ཉུང་ཐར་མི་གྲངས་༤༩༠༠ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་མ་ཟད་། འགོས་ནད་དེ་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་ཁྱབ་འདལ་ཡོང་རྒྱུར་རྒྱལ་ཁབ་སོ་སོས་སྔོན་འགོག་ལས་དོན་རྒྱ་ཆེར་སྤེལ་བཞིན་ཡོད་ཅིང་། ཨ་རིའི་ནང་འགོས་ནད་དེ་མཐོན་པ་ནས་ད་བར་མི་གྲངས་བཞི་ལ་འགོས་ནད་དེའི་ནད་རྟགས་ཐོན་ནས་ནད་རྟགས་ཐོག་མ་ཐོན་མཁན་ལི་བི་རི་ཡའི་མི་སེར་Thomas Eric Duncan ཕྱི་ཟླ་བཅུ་པའི་ཚེས་༨ཉིན་ཨ་རིའི་Texasམངའ་སྡེའི་སྨན་ཁང་ཞིག་ཏུ་འདས་གྲོངས་སུ་ཕྱིན་ཡོད་པ་རེད། ད་རེས་འགོས་ནད་དེའི་ནད་རྟགས་ཐོན་པའི་ནིའུ་ཡོག་གྲོང་ཁྱེར་གྱི་སྨན་པ་Spencerད་ལོ་རང་ལོ་༣༣ཡིན་པ་དང་། ཁོང་གིས་རྒྱལ་མཚམས་མེད་པའི་སྨན་པའི་མཐུན་ཚོགས་ནས་ཕྱག་ལས་གནང་མྱོང་ཡོད་ཅིང་། ད་ལྟའི་ཆར་ཁོང་དང་ཐད་ཀར་འབྲེལ་བ་བྱུང་བའི་མི་གསུམ་ཤེས་རྟོགས་ཐུབ་ཡོད་འདུག

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎