ཨེ་བྷོ་ལར་དོགས་ཟོན་དགོས་པའི་སྔོན་བརྡ་བཏང་འདུག


2014.10.17
ཨ་ཧྥི་རི་ཀའི་ཡུལ་གྲུ་ཁག་ནང་Ebolaཞེས་པའི་འགོས་ནད་སྟངས་འཛིན་བྱེད་ཐབས་བྱེད་བཞིན་པ། ཨ་ཧྥི་རི་ཀའི་ཡུལ་གྲུ་ཁག་ནང་Ebolaཞེས་པའི་འགོས་ནད་སྟངས་འཛིན་བྱེད་ཐབས་བྱེད་བཞིན་པ།
AFP

བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་ཨེ་བྷོ་ལ་འགོས་ནད་ལ་སྔོན་འགོག་གིས་དོགས་ཟོན་དགོས་བའི་སྔོན་བརྡ་གཏང་གནང་འདུག
སྤྱི་ཚེས་༡༧ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་བོད་མིའི་སྤྱི་ཚོགས་ཁྲོད་འགོས་ནད་ཨེ་བྷོ་ལར་ཡིད་ཟབ་ཤིན་ཏུ་བྱེད་གལ་ཆེ་བའི་སྐོར་ལམ་སྟོན་གསལ་བསྒྲགས་གནང་ཡོད་པ་དང་། སྤྱིར་རྒྱ་གར་ནང་ད་ཕན་Ebolaའགོས་ནད་ཕོག་པའི་གནས་ཚུལ་བྱུང་མེད་ཀྱང་། ནུབ་ཨཧྥེ་རི་ཀའི་ཡུལ་གྲུ་ཁག་ནང་རྒྱ་གར་གྱི་མི་འབོར་ཆེན་པོ་གནས་སྡོད་བྱེད་བཞིན་ཡོད་སྟབས་མཁའ་ལམ་ཐོག་ཕར་འགྲོ་ཚུར་འོང་བྱ་མཁན་བརྒྱུད་རྒྱ་གར་ནང་Ebolaའགོས་ནད་སླེབས་རྒྱུའི་ཉེན་ཚབ་ཆེ་བར་སོང་རྒྱ་གར་གཞུང་ནས་འགོས་ནད་དེར་རྩད་ཞིབ་དང་སྔོན་འགོག་སླད་དོག་ཟོན་གྱི་ལས་དོན་སྤེལ་སྒོ་ཚུགས་ཡོད་པ་རེད། འགོས་ནད་དེ་སྤྱི་ཚོགས་དང་མི་རིགས་སུ་འདྲ་ཞིག་ལའང་ཕོགས་རྒྱུའི་ཉེན་ཚབ་ཡོད་པ་ལྟར་བོད་མི་ཚོ་ལའང་དེ་མཚུངས་ཀྱི་ཉེན་ཚབ་གཅིག་མཚུངས་ཡོད་སྟབས་བོད་མིའི་སྤྱི་ཚོགས་བྱིང་དང་བོད་མི་སྒེར་སོ་སོའི་ངོས་ནས་Ebolaའགོས་ནད་སྐོར་མཁྱེན་རྟོགས་དང་སྔོན་འགོག་གི་འབད་བརྩོན་གནང་གལ་ཆེ་བའི་སྐོར་སྔོན་བརྡ་བཏང་འདུག
Ebolaཞེས་པའི་ནད་ཡམས་དེ་བཞིན་སྔ་ལོ་༢༠༡༣ལོར་ནུབ་ཨ་ཧྥེ་རི་ཀའི་ནང་ཁྱབ་རྗེས། ད་ཆ་ནུབ་ཨཧྥེ་རི་ཀའི་Liberiaདང་། Sierra Leone Guinea, Nigeriaབཅས་སུ་རྒྱ་ཁྱབ་ལ་སོང་སྟེ། ད་ཕན་རྒྱལ་ཁབ་དེ་ཚོའི་ནང་མི་གྲངས་༨༠༠༠༠བརྒལ་བར་ནད་དེ་འགོས་ཡོད་པ་མ་ཟད། མི་གྲངས་༡༥༠༠ལྷག་ཙམ་འདས་གྲོངས་སུ་གྱུར་ཡོད་པ་དང་། ཉེ་བའི་དུས་སུ་ཨ་རི་དང་། Germanyནང་དུའང་Ebolaའགོས་ནད་ཕོག་པའི་གནས་ཚུལ་ཐོན་བཞིན་ཡོད་པ་རེད། Ebolaའགོས་ནད་སྔོན་འགོག་སླད་ད་ཆ་རྒྱལ་སྤྱིའི་ཡུལ་གྲུ་མང་པོས་ནུབ་ཨཧྥེ་རི་ཀའི་ནང་མཁའ་ལམ་བརྒྱུད་འགྲུལ་བསྐྱོད་བྱ་མཁན་ཚོར་གནམ་ཐང་དུ་འབྱོར་མ་ཐག་རྟག་དཔྱད་བྱེད་སྒོ་ཚུགས་ཡོད་པ་རེད།

གསར་འགོད་པ་འཆི་མེད།

འབྲེལ་ཡོད་གཤམ་ལ་དོན་གྲུབ་རྣམ་རྒྱལ་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ༎

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎