ཨེ་ཤེ་ཡའི་དང་ཡོ་རོབ་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་གྱི་འབོད་སྐུལ།

ཨེ་ཤེ་ཡ་དང་ཡོ་རོབ་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་ཚོས་འབར་མའི་གཞུང་གིས་ཆབ་སྲིད་བཙོན་པ་རྣམས་གློད་འགྲོལ་གཏོང་དགོས་པའི་འབོད་སྐུལ།

2009.05.26

༄༅༎དེ་རིང་རེས་གཟའ་མིག་དམར་ཉིན་ཨེ་ཤེ་ཡ་དང་ཡོ་རོབ་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་ཚོས་འབར་མའི་དྲག་པོའི་གཞུང་གིས་ཆབ་སྲིད་ཀྱི་བཙོན་པ་རྣམས་གློད་འགྲོལ་གཏོང་དགོས་པ་དང་ཕྱི་ལོ་ཉིས་སྟོང་བཅུ་ལོའི་འོས་བསྡུའི་ལས་དོན་དྲང་བདེན་དང་རང་དབང་ལྡན་པའི་སྒོ་ནས་བྱེད་རྒྱུའི་གྲ་སྒྲིག་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།

ཨེ་ཤེ་ཡ་དང་ཡོ་རོབ་ཁུལ་གྱི་ཕྱི་སྲིད་བློན་ཆེན་གྱི་ལྷན་ཚོགས་དེའི་ནང་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་དང་ལྷོ་ཤར་ཨེ་ཤེ་ཡའི་མཉམ་འབྲེལ་རྒྱལ་ཁབ་ནང་འབར་མ་དང་རྒྱ་ནག་ལྷོ་ཀོ་རི་ཡ།ཉི་ཧོང་།སོག་པོ།པ་ཀི་སི་ཏན།རྒྱ་གར་སོགས་ཡོད་ཅིང་ལྷན་ཚོག་དེ་རེས་གཟའ་ཟླ་བའི་ཉིན་ལྦིཏ་ནམ་ནང་འགོ་བཙུགས་ཀྱིས་ཉིན་གཉིས་ཚོགས་ཏེ་དེ་རིང་མཇུག་བསྒྲིལ་བའི་ཉིན་ལྷན་ཚོགས་དེའི་ཚོགས་གཙོས་སྤྱི་མོས་གསལ་བསྒྲགས་ཤིག་འགྲེམས་སྤེལ་གནང་སྟེ་ཉེ་ཆར་འབར་མའི་དྲག་པོའི་གཞུང་གིས་འབར་མའི་དམངས་གཙོའི་དབུ་ཁྲིད་ལྕམ་ཨོང་སན་སུ་ཆི་བསྐྱར་ཏུ་བཙོན་འཇུག་བྱས་པའི་གནད་དོན་ཐོག་བློ་འཚབ་ཡོད་པ་དང་ལྕམ་ཨོང་སན་སུ་ཆི་གཙོས་པའི་ཆབ་སྲིད་བཙོན་པ་རྣམས་གང་མགྱོགས་གློད་འགྲོལ་ཡོང་ཐབས་དང་དམངས་གཙོ་ཚོགས་པའི་ཐོག་དམ་བསྒྲགས་བྱེད་པ་མཚམས་འཇོག་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་རེད། ལྕམ་ཨོང་སན་སུ་ཆི་ནི་ད་བར་མི་ལོ་བཅུ་དགུ་ནས་བཅུ་གསུམ་ཁོང་གི་ཁྱིམ་ཚང་ནས་རང་དབང་གི་འགྲོ་བསྐྱོད་མི་ཆོག་པའི་དོ་དམ་བྱས་པ་དང་ཉེ་ཆར་ཨ་མི་རི་ཀ་བ་ཞིག་གིས་གསང་བའི་ཐོག་ནས་གཙང་ཆུང་བརྒལ་ཏེ་ཁོང་གི་བཞུགས་གནས་སུ་བསྐྱོད་པའི་དོན་རྐྱེན་གྱིས་བསྐྱར་དུ་དོ་དམ་འོག་ནས་འཛིན་བཟུང་བྱས་ཏེ་ད་ལྟ་དྲག་པོའི་གཞུང་གིས་ཁོང་ལ་བསྐྱལ་བའི་ནག་ཉེས་ཐོག་ཁྲིམས་བཤེར་བྱེད་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎