འབྲི་རུར་བོད་མིའི་ཆོས་དད་རང་དབང་ཐད་རྒྱ་ནག་གིས་དམ་བསྒྲཊ།


2015.11.10
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་གསར་འགོད་གསལ་བསྒྲགས་སྐབས། ༢༠༡༥།༡༡།༩ བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་གསར་འགོད་གསལ་བསྒྲགས་སྐབས། ༢༠༡༥།༡༡།༩
བསྟན་འཛིན་དོན་ཡོད།/RFA

འབྲི་རུ་ཕྱོགས་སུ་དམ་དྲག་གི་གནས་སྟངས་ཐད་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བསྒྲགས་གཏམ་སྤེལ་བ།
དེ་ཡང་ཉེ་བའི་ཆར་ནག་ཤོད་འབྲི་རུ་རྫོང་གི་ས་གནས་རྒྱ་ནག་གི་འབྲེལ་ཡོད་ཚན་པས་བོད་མིའི་ཆོས་ལུགས་དད་མོས་རང་དབང་ཐད་བཀག་སྡོམ་གངན་བཞིན་པ་དང་། ཕྱི་ལོ་༢༠༡༥ཟླ་ ༩ཚེས་༡༩ཉིན་འབྲི་རུ་རྫོང་གིས་སྲིད་གཞུང་གི་ཡིག་ཆ་ཨང་༢༢༤པ་སྟེ། <<ཆོས་ལུགས་ཁྱབ་ཁོངས་བཅོས་སྒྲིག་གཙང་བཤེར་དང་ཚད་ལྡན་བཟོ་རྒྱུའི་ལས་དོན་སྔར་བས་གཏིང་ཟབ་སྤེལ་རྒྱུ་དང་། དགོན་སྡེའི་དབང་ཆ་བཞིར་ཁྲིམས་ལྟར་ཤུགས་སྣོན་རྒྱག་རྒྱུའི་ལས་ཀའི་འགན་འཁྲི་རྩད་གཅོད་མཐར་ཕྱིན་བྱ་རྒྱུའི་སྐོར་གྱི་འབྲི་རུ་རྫོང་མི་དམངས་སྲིད་གཞུང་གི་ཆད་གཅོད་གཏན་འབེབས་བྱས་པའི་ཡིག་ཆ་ཞིག་འགྲེམས་སྤེལ་བྱས་ཡོད་པ་ཕྱི་ལ་འབྱོར་ཡོད་པ་དང་།
གོང་གསལ་གནད་དོན་དེ་ཚོའི་ཐད་རྡ་རམ་སཱ་ལར་ཡོད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གསལ་བསྒྲགས་ཤིག་སྤེལ་ནས། ང་ཚོའི་ངོས་ནས་འབྲི་རུ་དང་སོག་རྫོང་ནང་གི་འགྲོ་བ་མིའི་རིགས་ལ་རྒྱ་ནག་གཞུང་གིས་མནར་གཅོད་སྡུག་རྩུབ་ཀྱི་བྱ་སྤྱོད་ཀྱིས་མཚོན་པའི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་བཞིན་པར་བློ་འཚབ་ཆེན་པོ་བྱེད་ཀྱིན་ཡོད། རྒྱ་གཞུང་གིས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་ས་ཁུལ་དེ་དག་ནང་གནས་སྟངས་རྟོགས་ཞིབ་ཆེད་ཡོང་འཇུག་དགོས་པར་སྐུལ་མ་དང་། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་གིས་ཛ་དྲག་གནས་སྟངས་དེའི་ཐད་དོ་སྣང་དང་། རྒྱ་གཞུང་ལ་གནོན་ཤུགས་སྤྲོད་པར་འབོད་སྐུལ་ཞུ་གནང་གི་ཡོད་པ་སོགས་བསྒྲགས་འདུག
ཉེ་བའི་སྤྱི་ཟླ་༩བའི་ཚེས༣༠ནས་ཟླ་༡༠ཚེས་༥ཉིན་བར་ནག་ཤོད་འབྲི་རུ་རྫོང་བན་དཀར་༼པད་དཀར་༽ཡུལ་ཚོའི་བྱ་མདའ་དགོན་དཔལ་ལྡན་མཁའ་སྤྱོད་གླིང་གི་བཙུན་མ་༡༠༦ ཙམ་རྒྱ་གཞུང་གིས་ཕྱིར་འབུད་བཏང་བ་མ་ཟད་ཁོང་ཚོའི་བཙུན་ཤག་མང་པོ་གཏོར་བའི་གནས་ཚུལ་བྱུང་ཡོད་པ་རེད།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་། སྤྱི་ལོ་༢༠༡༡ལོའི་མཇུག་ཙམ་ནས་བཟུང་། རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་སུ་ཆབ་སྲིད་ལས་འགུལ་སྤེལ་ཏེ། ནག་ཆུ་ས་ཁུལ་དང་ཡང་སྒོས་འབྲི་རུ་རྫོང་དང་། སོག་རྫོང་བཅས་ནི་ལས་འགུལ་དེ་སྤེལ་ཡུལ་ཚབ་མཚོན་ས་ཁུལ་ཏུ་བཟུང་ནས་ལས་འགུལ་ཤུགས་ཆེན་པོ་སྤེལ་ཏེ། ས་གནས་བོད་མི་རྣམས་ལ་དྲག་གནོན་གྱིས་ཛ་དྲག་གནས་སྟངས་རིམ་པར་བྱུང་ཡོད་པ་དང་། ཉེ་བའི་ཕྱི་ཟླ་༩པའི་ནང་སྤེལ་བའི་བཀག་སྡོམ་ཡིག་ཆ་དེས་སྔར་ལས་ལྷག་པར་ཛ་དྲག་གནས་སྟངས་མུ་མཐུད་ལྷག་ཡོད་པ་བསྟན་པས་ན་བློ་འཚབ་ཆེན་པོ་ཡོད་པ་བརྗོད་ཡོད།

གསར་འགོད་པ་ཕྲེང་རིང་བསྟན་ནོར།
ཞིབ་ཕྲ་འདི་གའི་གསར་འགོད་པ་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎