རྒྱ་ནག་གི་ཚོགས་ཆེན་མ་ཚར་བར་དུ་འདས་མཆོད་བྱེད་མི་ཆོག
2012.11.13
དེ་ཡང་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པས་ཉེ་སྔོན་ཚེས་༧ ཉིན་ཨ་མདོ་རྔ་པའི་སྒོ་མང་ཞང་ཐོག་ནས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་པའི་གྲྭ་རྡོ་རྗེ་ལགས་ཀྱི་འདྲ་པར་ལག་སོན་བྱུང་བ་མཁོ་སྤྲོད་མཉམ་ཁོང་རང་ལུས་མེར་སྲེག་གཏོང་ས་དེ་ག་རང་ནས་འདས་གྲོངས་སུ་གྱུར་ཡོད་པ་དང་། ཕྱི་ཚེས་༨ ཉིན་ཁོང་གི་རུས་ཐལ་ཡིན་ཟེར་བའི་ཐལ་ལ་ནང་མིར་སྤྲད་ཡོད་པ་མ་གཏོགས་གཞན་གང་ཡང་རག་མེད་པར་མ་ཟད། དམར་ཤོག་ཚོགས་ཆེན་མ་གྲོལ་བར་དུ་ཁོང་གི་ནང་མི་ལ་གཤིན་པའི་འདས་མཆོད་བྱེད་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག་ལ། ས་གནས་དགོན་གྲོང་རྣམས་ལ་དམ་དྲག་ཆེན་པོ་བྱེད་མུས་ཡིན་པ་རེད་འདུག
དེ་ནི་ཟླ་འདིའི་ཕྱི་ཚེས་ ༧ ཉིན་མདོ་སྨད་རྔ་པ་སྒོ་མང་ཞང་སྔོ་ཤུལ་དགོན་པའི་གྲྭ་བ་གསུམ་གྱིས་དུས་མཉམ་དུ་རང་ལུས་མེར་བསྲེཊ་ཀྱིས། རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་གྱི་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ། རང་ལོ་ ༡༥ ཡིན་པའི་རྒྱལ་གཅེས་དཔའ་བོ་གྲྭ་རྡོ་རྗེ་ལཊ་ཉིན་དེར་སྐུ་གྲོངས་ཡོད་པ་ལྟར། ཉིན་དེར་རྒྱ་གཞུང་གིས་ཁོང་གི་ཕུང་པོ་བཙན་ཁྱེར་བྱས་ཏེ་ནང་མིར་སྤྲད་མེད་པ་མ་ཟད། ཕྱི་ཚེས་༨ ཉིན་ཁོང་གི་རུས་ཐལ་ཡིན་ཟེར་ནས་ཐལ་ལ་ཞིག་ནང་མིར་སྤྲད་ཡོད་འདུག་ལ། དེ་བཞིན། ཉིན་དེར་ཁོང་དང་མཉམ་དུ་རང་ལུས་མེར་བསྲེཊ་གནང་མཁན་རྒྱལ་གཅེས་དཔའ་བོ་རྡོ་རྗེ་སྐྱབས་དང་བསམ་འགྲུབ་རྣམ་གཉིས་སྐུ་གྲོངས་མེད་པའི་གནས་ཚུལ་ཙམ་ལས། ནང་མི་ཉེ་འབྲེལ་ཚོས་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་མ་ཤེས་པར་ལྷག་ཡོད་འདུག