མདོ་སྨད་རེབ་གོང་དུ་རང་ལུས་མེར་སྲེག་བཏང་འདུག

རྡོ་རྗེ་ལྷུན་གྲུབ་ལགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྤེལ་རྗེས་འདས་གྲོངས་སུ་གྱུར་བའི་གནས་ཚུལ་བོད་ནས་ཐད་ཀར་འབྱོར་བ།

2012.11.04
བོད་མི་ན་གཞོན་རྡོ་རྗེ་ལྷུན་གྲུབ་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྤེལ་རྗེས་འདས་གྲོངས་སུ་གྱུར་ཡོད་འདུག
ཀུན་བཟང་བསྟན་འཛིན།
སྒྲ་ལྡན་གསར་འགྱུར།

༄༅༎དེ་རིང་ཕྱི་ཟླ་༡༡ཚེས་༤ ཉིན་བོད་ནང་གི་སྔ་དྲོའི་ཚོུད་༡༠ དང་ཕྱེད་ཀ་ཙམ་ལ་བོད་མདོ་སྨད་རེབ་གོང་དུ་དགུང་ལོ་༢༥ ཡིན་པའི་རྡོ་རྗེ་ལྷུན་གྲུབ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་དྲག་གནོན་གྱི་སྲིད་ཇུས་ལ་ངོ་རྒོལ་གནང་སྟེ་རང་ལུས་མེ་སྲེགས་པའི་རྗེས་འདས་གྲོངས་སུ་ཕྱིན་ཡོད་པའི་གནས་ཚུལ་འདུག
དེ་རིང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བའི་ནང༌། རྡོ་རྗེ་ལྷུན་གྲུབ་ལགས་ཀྱིས་རེབ་གོང་ཁུལ་གྱི་རོང་བོ་རྒྱལ་ཐང་གྲོང་ཁྱེར་གྱི་ནུབ་ཕྱོགས་སུ་རང་ལུས་མེ་བསྲེགས་པ་དང༌། རྒྱ་ལམ་ཐོག་བསྐྱོད་མཁན་ཚོས་གནས་ཚུལ་དེ་མཐོང་བའི་རྗེས་ཁོང་གི་སྐུ་ཕུང་རྒྱ་མིའི་ལག་ཏུ་མི་ཤོར་བ་བྱས་ཏེ་བདག་ཉར་བྱས་ཡོད་ཅིང༌།  དེ་རྗེས་རོང་བོ་དགོན་པའི་དགེ་འདུན་པ་གཙོས་བོད་མི་མང་པོ་འདུ་འཛོམས་བྱུང་སྟེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་གདན་ཞུ་བྱས་ཏེ་མི་དམངས་ཀྱིས་གདུང་སེམས་ཉམས་བསྐྱེད་ཞུས་པ་མ་ཟད། སྐུ་ཕུང་རེབ་གོང་རོང་བོ་དགོན་པའི་རྒྱབ་རིའི་སྤང་ཤོངས་གདོང་རྒྱལ་ལ་ཁ་ཟེར་བ་དེར་གདན་དྲངས་ཏེ། ཕྱི་དྲོའི་ཚོུད་༢ དང་ཕྱེད་ཀའི་ཐོག་དགེ་འདུན་པས་སྨོན་ལམ་གསུང་འདོན་དང་མང་ཚོགས་ནས་མ་ཎི་གསོག་སྒྲུབ་གནང་བཞིན་སྐུ་ཕུང་ཞུགས་འབུལ་ཕུལ་ཡོད་པ་རེད། དེ་རིང་རྡོ་རྗེ་ལྷུན་གྲུབ་ལགས་ཀྱིས་རང་ལུས་མེ་སྲེག་བཏང་བའི་དོན་རྐྱེན་ཐོན་པའི་རྗེས་རྒྱ་ནག་གི་ཉེན་རྟོག་པ་དང་དམག་མིས་རྒྱ་ལམ་ཐོག་ལ་སྐོར་གཡེང་བྱེད་པ་སོགས་དམ་བསྒྲགས་བྱེད་འགོ་བཙུགས་ཡོད་ཀྱང༌། སྐུ་ཕུང་ཞུགས་འབུལ་བྱེད་ཡུལ་དུ་གདན་ཞུ་བྱེད་པའི་སྐབས་དང། དངོས་གཞི་སྐུ་ཕུང་ཞུགས་འབུལ་ཆོ་བྱ་བྱེད་པའི་སྐབས་མི་དམངས་འཛིན་བཟུང་བྱས་པ་དང༌། ཉེས་རྡུང་བཏང་བ། དྲག་གནོན་བྱས་པའི་གནས་ཚུལ་བྱུང་མེད་ཀྱང་དོན་རྐྱེན་དེའི་སྐོར་ཕྱི་ཕྱོགས་སུ་ཤོད་མི་ཆོག་པའི་བཀོད་ཁྱབ་གཏོང་བའི་ཁར་དེ་རིང་དྲ་རྒྱའི་བརྒྱུད་ལམ་ཡོང་རྫོགས་བཀག་ནས་ཕྱི་ཕྱོགས་སུ་འབྲེལ་བར་བྱེད་པར་བཀག་འགོག་བྱེད་བཞིན་ཡོད་པ་རེད། རྡོ་རྗེ་ལྷུན་གྲུབ་ལགས་སུ་ཤུལ་ལུས་སུ། དགུང་ལོ་༥༠ ཕེབས་པའི་ཕ་འབྲུག་མཐར་རྒྱལ་དང༌། དགུང་ལོ་༤༤ ཕེབས་པའི་མ་ཤོ་བོ་གཡང་མོ། དེ་བཞིན་དགུང་ལོ་༢༦ ལ་ཕེབས་པའི་བཟའ་ཟླ་གཡང་མོ་མཚོ་དང༌། ལོ་བཞི་ལ་སོན་པའི་བུ་ཀུན་བཟང་རྡོ་རྗེ་དང༌། ལོ་༢ ལ་སོན་པའི་བོུ་བསྟན་འཛིན་སྒྲོལ་མ་བཅས་ཡོད་པ་རེད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལགས་ཀྱིས། ཕྱི་ཟླ་༡༡ པའི་ཚེས་༢ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་དབུ་ཁྲིད་ནས་རྒྱ་ནག་གཞུང་ལ། བོད་ནང་དུ་རང་ལུས་མེ་སྲེག་གཏོང་བའི་ཛ་དྲག་གི་དཀའ་ངལ་སེལ་ཐབས་བྱ་དགོས་པའི་འབོད་སྐུལ་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎