བོད་ནང་ཞ་ཉེའི་གཡའ་དུག་ཁྱབ་གདལ།

བོད་ནང་ཞ་ཉེའི་གཡའ་དུག་ཁྱབ་གདལ་གྱི་ཉེན་ཁ་ཆེན་པོ་ཡོད་པའི་གནས་ཚུལ་ཐོན་བཞིན་པ་རེད༎

2011.08.04

༄༅༎བོད་གནས་བསྐྱར་ཞིབ་དུས་དེབ་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན་ ཤིང་ཧཡེ་ཞིང་ཆེན་གྱི་སྐུ་འབུམ་རྫོང་ནང་རྒྱ་ནག་གིས་གཏེར་ཁའི་ལས་གཞི་མང་དྲག་པའི་རྐྱེན་ཀྱིས་འཐུང་ཆུའི་ནང་་ཞ་ཉེའི་གཡའ་དུག་ཤོར་བའི་དཀའ་ངལ་ཡོད་ལུགས་བོད་ནས་མིང་འདོན་མེད་པ་ཞིག་གིས་དྲྭ་རྒྱའི་ཐོག་གནས་ཚུལ་སྤེལ་ཡོད་འདུག་ དེ་བཞིན་རྒྱ་ནག་ནང་དེ་འདྲའི་དཀའ་ངལ་ཆེན་པོ་ཡོད་པའི་སྐོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཕྱི་ཟླ་བརྒྱད་པའི་ཚེས་གཅིག་ཉིན་སྙན་ཐོ་ཞིག་ཀྱང་སྤེལ་འདུག ཡང་དྲ་རྒྱའི་ནང་གནས་ཚུལ་སྤེལ་བར་གཞིགས་ན་ ཕྱི་ལོ་༢༠༠༦་ལོར་ཀན་ཧོ་ཐན་རྫོང་ནང་ ཕྲུ་གུ་བརྒྱ་ལྷག་ཙམ་ཞིག་ཞ་ཉེའི་གཡའ་དུག་གི་རྐྱེན་པས་ནད་པ་ཆགས་ཡོད་སྐོར་དང་ ཡང་དྲྭ་གནས་གཞན་ཞིག་ནང་ཕྲུ་གུ་བརྒྱ་ཙམ་གྱི་ཁྲག་ལ་བརྟག་དཔྱད་བྱེད་སྐབས་ཚང་མར་ཞ་ཉེའི་གཡའ་དུག་ཚད་གཞི་ལས་མཐོ་བ་ཡོད་ལུགས་འགྲེལ་བརྗོད་བྱས་འདུག། ས་གནས་དཔོན་རིགས་ཚོས་དཀའ་ངལ་དེ་རིགས་སེལ་ཐབས་དང་འགོག་ཐབས་བྱ་རྒྱུའི་ཚབ་ཏུ་ཚོང་པ་ཚོས་གཏེར་ཁ་བསྔོག་འདོན་ཀྱི་ལས་གཞི་རྒྱ་བསྐྱེད་ཆེད་ས་གནས་ཀྱི་ཡུལ་མི་རྣམས་བཙད་ཤེད་ཀྱིས་གནས་སྤོ་བྱེད་བཅུག་ཡོད་ལུགས་འགྲེལ་བརྗོད་བྱས་འདུག། ཡང་དྲྭ་གནས་དེ་གའི་ནང་བར་ལམ་ནས་ སྐུ་འབུམ་དགོན་པའི་ཉེ་འགྲམ་གྱི་ཁོར་ཡུག་ལ་ཉེན་ཁ་ཡོང་གི་ཡོད་མེད་་བརྩི་མེད་ཀྱིས་གཞུང་གི་དཔོན་རིགས་དང་ཚོང་ལས་ཚོས་གཏེར་ཁ་བསྔོག་འདོན་ཚད་མེད་བྱེད་བཞིན་པ་དེས་ད་ཆ་མཁའ་རླུང་བཙོག་པ་བཟོས་པ་མ་ཟད་འཐུང་ཆུའི་ནང་ཞ་ཉེའི་གཡའ་དུག་གྱི་ཉེན་ཁ་ཆེན་པོ་ཆགས་ཡོད་འདུག།  ཡང་ཟི་ལིང་ནང་ས་གནས་དཔོན་རིགས་ཚོས་བཟོ་ལས་འཛུགས་བསྐྲུན་གྱི་ས་ཁུལ་ནང་ཕྲུ་གུ་དང་ན་གཞོན་ཚོར་བརྟག་དཔྱད་བྱས་པར་ ན་གཞོན་ཆིག་སྟོང་ཙམ་ཀྱི་ཟུང་ཁྲག་ནང་ཞ་ཉེའི་གཡའ་དུག་ཚད་གཞི་ལས་བརྒལ་་ཏེ་ཁོང་ཚོའི་འཕྲོད་བསྟེན་ལ་ཉེན་ཁ་ཡོད་ལུགས་འགྲེལ་བརྗོད་བྱས་འདུག། དེ་བཞིན་མིང་འདོན་གནང་འདོད་མེད་པ་ཞིག་གིས་དྲ་རྒྱའི་ཟིན་བྲིས་དོ་རའི་ནང་དུ་ཀན་ཧོ་ཐན་བཟོ་ལས་རྒྱ་བསྐྱེད་གཏོང་ཆེད་ཁུལ་དེའི་ཞིང་པ་ཁྲི་གསུམ་ལྷག་ཙམ་ས་ཁུལ་གཞན་དུ་གཞིས་སྤོས་མི་བྱེད་ཀ་མེད་ཆགས་ཡོད་ལུགས་གནས་ཚུལ་སྤེལ་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎