ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་རྒྱལ་སྤྱིའི་ནང་བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་ནུས་སྟོབས་གོང་སྤེལ་གཏོང་ཐབས་སུ་དམིགས་པའི་བགྲོ་གླེང་གནང་བཞིན་པ།

2022.04.09
ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་རྒྱལ་སྤྱིའི་ནང་བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་ནུས་སྟོབས་གོང་སྤེལ་གཏོང་ཐབས་སུ་དམིགས་པའི་བགྲོ་གླེང་གནང་བཞིན་པ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་རྒྱལ་སྤྱིའི་ནང་བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་ནུས་སྟོབས་གོང་སྤེལ་གཏོང་ཐབས་སུ་དམིགས་ཏེ་བོད་ཀྱི་མདུན་ལམ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་བ།
བོད་ཀྱི་མདུན་ལམ།

དེ་རིང་ཕྱི་ཟླ་བཞི་པའི་ཚེས་༩ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་རྒྱལ་སྤྱིའི་ནང་བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་ནུས་སྟོབས་གོང་སྤེལ་གཏོང་ཐབས་སུ་དམིགས་ཏེ་བོད་ཀྱི་གནད་དོན་ཐད་བསམ་པ་གཅིག་མཐུན་གྱི་བོད་མི་ཁག་ཅིག་གིས་ བོད་ཀྱི་མདུན་ལམ་ཞེས་པའི་བོད་དོན་ཐོག་བགྲོ་གླེང་གི་བཞུགས་མོལ་ལྷན་ཚོགས་ཐེངས་དང་པོ་འགོ་འཛུགས་གནང་ཡོད་པ་དང་། ལྷན་ཚོགས་དེ་བཞིན་དུས་ཡུན་ཉིན་གྲངས་གཉིས་རིང་གནང་གི་ཡོད་འདུག ད་རེས་ཀྱི་ལྷན་ཚོགས་དེའི་ཐོག་ཉིན་གཉིས་རིང་ཉིན་རེར་བརྗོད་གཞི་ཁག་གཉིས་ཙམ་གྱིས་ཁྱོན་བརྗོད་གཞི་ཁག་བཞི་ཙམ་གྱི་ཐོག་ནས་གསུང་བཤད་བགྲོ་གླེང་གནང་གི་ཡོད་པ་དང་། བརྗོད་གཞི་དེ་ཚོའི་ནང་ཐོག་མར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧ གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་མཛད་རྗེས་ཏེ། བོད་ཀྱི་དམངས་གཙོ་དང་འཚེ་བ་མེད་པའི་འཐབ་རྩོད་ཇི་ལྟར་རྒྱུན་འཛིན་གནང་ཐབས་ཞེས་པའི་བརྗོད་གཞིའི་ཐོག་༧གོང་ས་མཆོག་གི་གསུང་བསྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་དང་། བོད་ནས་ཕྱིས་སུ་ཕེབས་པའི་བོད་ཀྱི་ལོ་རྒྱུས་ཉམས་ཞིབ་པ་ཕུ་རུ་བ་ཕུན་ཚོགས་ལགས་ཀྱིས་གསུང་བཤད་དང་། ཉིན་རྒྱབ་ཀྱི་བརྗོད་གཞི་ནི་རྒྱལ་སྤྱིའི་ནང་བོད་དོན་ལས་འགུལ་ཚད་མཐོ་རུ་གང་འདྲ་བྱས་ནས་གཏོང་ཐབས་ཞེས་པའི་བརྗོད་གཞིའི་ཐོག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འབར་བརྒལ་གཙོ་འཛིན་བུ་ཆུང་ཚེ་རིང་ལགས་དང་གཞོན་སྐྱེས་བོད་དོན་འཐབ་རྩོད་པ་འཆི་མེད་ལྷ་མོ་ལགས་ཀྱིས་གཏམ་བཤད་གནང་གི་ཡོད་པ་དང་། ཕྱི་ཚེས་༡༠ཉིན་སྔ་དྲོའི་ལས་རིམ་ནང་བོད་ནང་གི་བོད་མི་ཚོས་མ་འོངས་བོད་ཀྱི་མདུན་ལམ་གཟིགས་ཚུལ་གང་དྲ་ཡོད་མིན་དང་། བོད་ནང་ལས་འགུལ་སྤེལ་ཕྱོགས་གང་དྲ་ཆགས་ཡོད་པའི་སྐོར་ལ་ཆབ་སྲིད་བཙོན་ཟུར་འཇམ་དཔལ་སྨོན་ལམ་ལགས་དང་དོན་གྲུབ་དབང་ཆེན་ལགས་ཀྱིས་གཏམ་བཤད་གནང་གི་ཡོད་ཅིང་། ཉིན་རྒྱབ་ཀྱི་བརྗོད་གཞི་དེ་བཞིན་གཞིས་བྱེད་བོད་མིའི་དབར་གྱི་འབྲེལ་བ་དང་མ་འོངས་བོད་ནང་དམངས་གཙོའི་བསམ་བློ་དར་སྤེལ་གཏོང་སྟངས་ཀྱི་བརྗོད་གཞིའི་ཐོག་བོད་དང་རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་ཀུན་དགའ་བཀྲིས་ལགས་དང་། ཨ་རིའི་ཀོ་ལམ་བི་ཡ་སློབ་གྲ་ཆེན་མོའི་ནང་འབུམ་རམས་པའི་སློབ་གཉེར་གནང་བཞིན་པ་ཚེ་དབང་རིག་འཛིན་ལགས་ནས་གཏམ་བཤད་གནང་གི་ཡོད་འདུག

གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎