ཕྱི་དྲིལ་བཀའ་བློན་མཆོག་ཧྥ་རན་སིར་སྲིད་དོན་པ་དང་མཇལ་འཕྲད།


2014.12.09
ཕྱི་དྲིལ་བཀའ་བློན་མཆོག་ཧྥ་རན་སིར་སྲིད་དོན་པ་དང་མཇལ་འཕྲད་སྐབས། ཕྱི་དྲིལ་བཀའ་བློན་མཆོག་ཧྥ་རན་སིར་སྲིད་དོན་པ་དང་མཇལ་འཕྲད་སྐབས། ༢༠༡༤།༡༢།༨
བོད་མིའི་སྒྲིག་འཛུགས

ཕྱི་དྲིལ་བཀའ་བློན་མཆོག་གིས་ཧྥ་རན་སིའི་ཆབ་སྲིད་མི་སྣ་དང་མཇལ་འཕྲད་དང་བརྙན་འཕྲིན་ཁག་ལ་བཅར་འདྲི་བཀའ་ལན་གནང་འདུག
དེ་ཡང་དེང་སྐབས་ཧྥ་རན་སིར་གཞུང་དོན་ཕྱོགས་ཕེབས་གནང་བཞིན་པ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་ཧྥ་རན་སིའི་རྒྱལ་ས་པེ་རི་སིར་ཡོད་པའི་བོད་མི་རྣམས་དང་མཇལ་འཕྲད་དང་། ཧྥ་རན་སིའི་ཆབ་སྲིད་མི་སྣ་དང་མཇལ་འཕྲད། དེ་བཞིན་བརྙན་འཕྲིན་ཁག་ལ་བཅར་འདྲི་བཀའ་ལན་སོགས་གནང་འདུག བོད་མི་ཚོ་དང་བགྲོ་གླེང་གི་རྣམ་པའི་མཇལ་འཛོམས་གནང་པའི་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་ལས་གཞི་རྒྱ་ཆེ་རུ་གཏོང་ཐབས་ཀྱི་དགོས་པ་དང་དམིགས་ཡུལ་སོགས་འགྲེལ་བརྗོད་གནང་འདུག་ཅིང་། ཡང་འདིའི་གོང་གཟའ་སྤེན་པའི་ཉིན་ཧྥ་རན་སིའི་ཏུ་ལུསི་གྲོང་ཁྱེར་དུ་ཕེབས་འབྱོར་སྐབས་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་མི་སྣ་དང་མཇལ་འཕྲད་གནང་འདུག་པར་མ་ཟད། ཁུལ་དེའི་ས་གནས་ Salle sur Garonneདང་། Carbonneགཉིས་ཀྱི་གྲོང་སྡེ་སྤྱི་ཁྱབ་པ་སོ་སོ་དང་ཡང་མཇལ་འཕྲད་གནང་འདུག ཕྱི་ཚེས་༨ཉིན་རྒྱལ་ས་པེ་རིསི་ནང་ཧྥ་རན་སིའི་ཉིན་རེའི་གསར་ཤོག་La Depecheདང་། ཧྥ་རན་སིའི་རྒྱལ་སྤྱིའི་བརྙན་འཕྲིན་ལས་རིམ་ཧྥ་རན་སིའི་༢༤ ཞེས་པ་སོགས་ལ་བཅར་འདྲི་བཀའ་ལན་གནང་ཡོད་པ་དང་། ཕྱི་དྲོ་ཧྥ་རན་སིའི་གྲོས་ཚོགས་འོག་མའི་འཐུས་མི་Philippe Foliotདང་གསོལ་སྟོན་ཞིག་གི་སྐབས་མཇལ་འཕྲད་གནང་འདུག      

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎