རྡ་ས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་བདེ་སྐྱིད་ཀྱི་ཤེས་རབ་ཅེས་པའི་དངོས་འབྱུང་གློག་བརྙན་གཟིགས་འབུལ་ཞུ་འཆར་འདུག

ཟླ་༡༠ཚེས་༢༦ཉིན་བཞུགས་སྒར་ཉེ་ཁྲིས་སུ་ཆགས་པའི་ས་གནས་རྫོང་དཔོན་གྱི་ལས་ཁུངས་སུ་རྡ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེང་༡༣པ་དེ་བཞིན་ཟླ་༡༡ཚེས་༧ནས་ཚོགས་གནང་རྒྱུ་ཡིན་པ་དེ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཞིག་སྤེལ་གནང་སོང་བ་དང་། ཐེངས་འདིའི་གསར་འགོད་གསལ་བསྒྲགས་ཁྲོད་གློག་བརྙན་འཁྲབ་ཁྲིད་པ་སྦར་སྦ་ར་ མིལཱར་ (Barbara Miller) ལགས་དང་ཧྥིལིཔ་ ཌེལཱ་ཁུཝེསི་ (Philip Delaquis)ལགས། མཱ་ནུལ་ བཱ་ཨར་(Manual Bauer) ལགས་རྣམས་ནས་འཁྲབ་ཁྲིད་གནང་པའི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དངོས་འབྱུང་མཛད་རྣམ་གློག་བརྙན་སྐར་མ་༩༠ཅན་བདེ་སྐྱིད་ཀྱི་ཤེས་རབ་(Wisdom of Happiness)ཅེས་པ་དེ་ཡོང་འགྱུར་རྡ་ས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་༡༣པའི་སྐབས་འགྲེམས་སྤེལ་ཞུ་འཆར་ཡོད་པ་རྡ་ས་རྒྱལ་སྤྱའི་གློག་བརྙན་དུས་བསྟོན་གྱི་གོ་སྒྲིག་པ་རི་ཏུ་སཱ་རིན་(Ritu Sarin) ལགས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་བྱུང་།
སྤྱིར་ལོ་ལྟར་བཞིན་བཞུགས་སྒར་དུ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཞིག་ཚོགས་་གནང་གི་ཡོད་པ་དེའི་དམིགས་ཡུལ་གཙོ་བོ་ནི་ང་ཚོའི་ཉེ་ཁྲིས་སུ་ཡོད་པའི་རང་དབང་ཅན་གྱི་ཕུལ་དུ་བྱུང་བའི་གློག་བརྙན་བཟོ་སྐྲུན་པ་རྣམས་ཀྱི་རིག་རྩལ་ལ་རྒྱབ་སྐྱོར་དང་སྐུལ་འདེད་གཏོང་ཆེད་སུ་སྡིང་ཆ་དེའི་བརྒྱུད་མང་ཚོགས་ནས་ཁོང་རྣམས་ཀྱི་ཕུལ་དུ་བྱུང་བའི་སྒྱུ་རྩལ་རྣམས་ཤེས་སླད་དུ་ཡིན་པས། འདི་ལོ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལུགས་ལྟར་དགུང་གྲངས་༩༠ཕེབས་པའི་དམིགས་བསལ་དུས་ཚིགས་དང་བསྟུན། རྡ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐོབས་༡༣ཐོག་སུད་སི་ནས་ཡིན་པའི་་གློག་བརྙན་འཁྲབ་ཁྲིད་པ་སྦར་སྦ་ར་ མིལཱར་ (Barbara Miller) ལགས་དང་ཧྥིལིཔ་ ཌེལཱ་ཁུཝེསི་ (Philip Delaquis)ལགས། མཱ་ནུལ་ བཱ་ཨར་(Manual Bauer) ལགས་རྣམས་ནས་འཁྲབ་ཁྲིད་གནང་པའི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དངོས་འབྱུང་མཛད་རྣམ་གློག་བརྙན་སྐར་མ་༩༠ཅན་བདེ་སྐྱིད་ཀྱི་ཤེས་རབ་(Wisdom of Happiness)ཅེས་པ་དེ་གློག་བརྙན་དུས་སྟོན་གྱི་ཉིན་དང་པོ་ཟླ་བ་༡༡ཚེས་༧ཉིན་གཟིགས་འབུལ་ཞུ་འཆར་ཡོད་པ་རེད་འདུག དེ་མིན་འདི་ལོའི་གློག་བརྙན་གྱི་དུས་སྟོན་ནང་དུ་བོད་པའི་གློག་བརྙན་ཁག་མི་འདྲ་བ་བཞི་ཙམ་གཟིགས་འབུལ་ཞུ་འཆར་ཡོད་འདུག
རྩ་བའི་རྡ་རམ་ས་ལའི་རྒྱལ་སྤྱའི་གློག་བརྙན་དུས་སྟོན་དེ་བཞིན་ཕྱི་ལོ་༢༠༡༢ནས་ཚོགས་འགོ་གཙུགས་ཡོད་པས་ད་བར་མི་ལོ་ ༡༣ ཕྱིན་འདུག་པ་དང་། འདིའི་ལོའི་རྡ་རམ་ས་ལའི་རྒྱལ་སྤྱའི་གློག་བརྙན་དུས་སྟོན་སྐབས་༡༣པ་དེ་བཞིན་ཟླ་བ་༡༡ཚེས་༧ ནས་ ༡༠ བར་ཉིན་གྲངས་བཞིའི་རིང་རྒྱལ་ཁབ་ཁག་མི་འདྲ་བ་ཁག་ ༢༠ ནས་གློག་བརྙན་༨༠ ཙམ་གཟིགས་འབུལ་ཞུ་རྒྱུ་རེད་འདུག།
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།