ལོ་ལྟར་བཤལ་ནད་ཀྱིས་ཕྲུ་གུ་ས་ཡ་གཅིག་ལྷག་ཤི་བའི་གནས་ཚུལ།
2009.10.15
༄༅༎འཛམ་གླིང་ནང་ལོ་ལྟར་ཕྲུ་གུ་བཤལ་ནད་ཀྱི་རྐྱེན་པས་ས་ཡ་གཅིག་དང་ཕྱེད་ཀ་ཙམ་རྐྱེན་འདས་སུ་འགྲོ་གི་ཡོད་པའི་སྙན་ཐོ་བཏོན་ཡོད་འདུག
དེ་ཡང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ལས་ཁུངས་ནས་དེ་རིང་སྙན་ཐོ་བཏོན་པའི་ནང་གསལ་ལྟར་ན་ལོ་ལྟར་འཛམ་གླིང་ནང་ཡར་རྒྱས་ལྡན་པའི་རྒྱལ་ཁབ་ཚོའི་ནང་ཕྲུ་གུ་ས་ཡ་གཅིག་དང་ཕྱེད་ཀ་ཙམ་བཤལ་ནད་ཀྱི་རྐྱེན་པས་འདས་གྲོངས་གྱུར་གྱི་ཡོད་ལུགས་བཀོད་པ་དང་ཆབས་ཅིག་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཚོའི་ནང་ཕྲུ་གུ་བརྒྱ་ཆ་སུམ་ཅུ་ལྷག་ཙམ་ལ་སྨན་བཅོས་ཀྱི་མཐུན་རྐྱེན་མ་འདང་པའི་རྐྱེན་གྱིས་ནད་ཕོག་གི་ཡོད་རེད་ཅེས་གསུངས་འདུག ཡང་འཛམ་གླིང་འཕྲོད་བསྟེན་ལས་ཁུངས་ནས་བཤལ་ནད་ཀྱི་འདས་གྲོངས་སུ་གྱུར་བའི་རྐྱེན་རྩ་དང་དེར་སྨན་བཅོས་བྱེད་ཕྱོགས་སོགས་ང་ཚོས་གོ་རྟོགས་ཡོད་སྟབས་ཚང་མས་འཕྱར་གྲུ་མཉམ་འདེགས་ཀྱི་ཐོག་ནས་འགོག་ཐབས་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན་ལུགས་གསུངས་ནས་སྔོན་འགོག་ཁབ་དང་འཐུང་ཆུ་གཙང་མ་དགོས་པ། མ་ཡི་ཕྲུ་གུ་བྱིས་པའི་སྐབས་ན་ཞོ་གཏེར་སྟངས་དེ་དང་ཕྱོགས་མཚུངས་གཙང་སྦྲ་འཕྲོད་བསྟེན་ཡག་པོ་བྱེད་དགོས་རྒྱུ་སོགས་ཀྱི་སྐོར་ལམ་སྟོན་གསལ་པོ་དྲིལ་བསྒྲགས་བྱེད་དགོས་པ་སོགས་ཀྱི་གནད་དོན་རྣམས་བཀོད་ཡོད་པ་རེད།