གནའ་ཤུལ་མེད་པ་བཟོ་ཐབས།


2013.05.17
གནའ་ཤུལ་མེད་པ་བཟོ་ཐབས། ལྷ་སའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས།
ཝི་ཀི་པི་ཌི་ཡ།

༄༅།    །རྒྱ་ནག་གཞུང་གིས་འཛུགས་སྐྲུན་ཡར་རྒྱས་ཀྱི་ལས་གཞིར་ཁ་གཡར་ནས་ལྷ་སའི་བར་སྐོར་གཡས་གཡོན་དུ་ལོ་ངོ་སྟོང་ཕྲག་རིང་ནས་བོད་མིའི་ཐུན་མིན་རིག་གནས་སྤྱི་དང་།    ལྷག་པར་ཆོས་དད་ཀྱི་རྣམ་པ་དང་འབྲེལ་བ་ཤུགས་ཆེ་ཡོད་པའི་ལོ་རྒྱུས་རང་བཞིན་ལྡན་པའི་སྡོད་ཁང་རྣམས་ཤུལ་མེད་གཏོང་རྒྱུའི་ཉེན་ཁར་བོད་མིའི་སྒྲིག་འཛུགས་ཀྱིས་སེམས་ཚབ་ཧ་ཅང་ཆེན་པོ་ཡོད་པའི་སྐོར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་བཀོད་འདུག  དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ནས་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་།     དེང་སྐབས་བོད་ཀྱི་རྒྱལ་ས་ལྷ་སའི་བར་སྐོར་ཁུལ་དུ་འཛུགས་སྐྲུན་ཡར་རྒྱས་ལ་ཁ་གཡར་ཏེ་ཨར་རྒྱག་ལས་གཞི་སྤེལ་བཞིན་པ་དེར་ང་ཚོར་སེམས་ཚབ་ཧ་ཅང་ཆེན་པོ་ཡོད།  འཛུགས་སྐྲུན་གྱི་ལས་གཞི་དེར་རྒྱ་ནག་གཞུང་གིས་ཨ་སྒོར་ས་ཡ་༡༩༦ཙམ་བཏང་སྟེ།    ས་གནས་ཀྱི་དཔལ་འབྱོར་དང་། འཛུགས་སྐྲུན་ཡར་རྒྱས་གཏོང་རྒྱུ་ཡིན་ཚུལ་བརྗོད་ཡོད་ཀྱང་།  ཉེ་ལམ་གནས་ཚུལ་ཐོན་གསལ་ལྟར་ན།  ལོ་ངོ་སྟོང་ཕྲག་རིང་ནས་བོད་མིའི་ཆོས་དང་རིག་གཞུང་གི་འབྲེལ་བ་ཡོད་པ་ལོ་རྒྱུས་རང་བཞིན་ལྡན་པའི་གནའ་བོའི་རིག་གནས་ཀྱི་ཤུལ་བཞག་ལྷ་སའི་གཙུག་ལག་ཁང་དང་།  དེའི་གཡས་གཡོན་དང་ཉེ་འཁོར་བར་སྐོར་སོགས་ནང་གནས་པའི་བོད་མིའི་སྡོད་ཁང་དང་སྐོར་ལམ་ཁག་གི་རྣམ་པ་ཤུལ་མེད་བཟོས་ཏེ།   ཡུལ་སྐོར་སྤྲོ་འཆམ་བྱེད་སའི་ངོ་བོ་ཙམ་དུ་གྱུར་རྒྱུ་ཡིན་འདུག་པས།  བོད་མིའི་ཆོས་དང་རིག་གཞུང་།    སྤྱི་ཚོགས་ཀྱི་རྣམ་པ་ལྡན་པའི་ལོ་རྒྱུས་རང་བཞིན་གྱི་ཁང་ཁྱིམ་གཏོར་བཅོམ་བྱས་པའི་བརྒྱུད། ཆོས་དད་ཀྱི་ཁོར་ཡུག་ཉམས་ཆགས་གཏོང་རྒྱུའི་ལས་གཞི་འདི་འཕྲལ་མར་མཚམས་འཇོགས་ཡོང་ཆེད་རྒྱ་ནག་གི་འགོ་ཁྲིད་ཚོར་ཛ་དྲག་གི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད་འདུག །

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎