ཧོང་ཀོང་ནང་ས་ཆའི་རིན་གོང་འཕར་བ་ངོ་རྒོལ་བྱས་པ།

ཧོང་ཀོང་ནང་ས་ཆའི་རིན་གོང་ཧ་་ཅང་འཕར་འགྲོ་གི་ཡོད་པའི་གནད་དོན་ཐོག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་འདུག

2011.09.04

༄༅༎དེ་རིང་རེས་གཟའ་ཉི་མའི་ཉིན་ཧོང་ཀོང་གི་ཁྲོམ་གཞུང་ནང་མི་མང་སྟོང་ཕྲག་ལྷག་ཙམ་ནས་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། ཁོང་ཚོས་ངོ་རྒོལ་བྱེད་དགོས་པའི་རྒྱུ་མཚན་ནི་ཉེ་ཆར་ནས་བཟུང་ཧོང་ཀོང་ནང་ས་ཁང་གི་རིན་གོང་ཚད་ལས་འགལ་བ་འཕར་འགྲོ་གི་ཡོད་པ་དང་། དེས་རྐྱེན་པས་མི་མང་སྐྱུས་མ་ཚོར་སོ་སོ་རང་བདག་ཁང་པ་བདག་རྒྱུའི་རེ་བ་ཆུང་དུ་འགྲོ་གི་ཡོད་པ་དེ་དག་གི་ཐོག་གཞུང་གི་ངོས་ནས་སྟངས་འཛིན་བྱེད་ནས་ས་ཁང་གི་གོང་ཚད་ཆུང་དུ་གཏོང་དགོས་ལུགས་དགོས་འདུན་བཏོན་གྱི་ཡོད་པ་རེད།

སྤྱིར་བཏང་ཧོང་ཀོང་དེ་བཞིན་ཡུལ་སྐོར་སྤྲོ་འཆམ་དང་ཚོང་འབྲེལ་གྱི་ལྟེ་གནས་གལ་ཆེ་ཞིག་ཡིན་སྟབས་ས་ཁང་གི་རིན་གོང་དང་། ཁང་གླ་སོགས་ཆེན་པོ་ཡོད་པའི་ཐོག་ལོ་ཤས་ནས་བཟུང་འབུ་ལོན་གྱི་སྐྱེད་ཆུང་དུ་བཏང་བ་སོགས་ཀྱིས་རྒྱ་ནག་སྐམ་ས་ཆེན་པོ་ནས་རྒྱུ་ཕྱུགས་པོ་དང་ཚོང་པ་ཚོས་ཧོང་ཀོང་ནང་ས་ཁང་ཉོ་རྒྱུར་ཚང་ཀ་ཤིག་ཤིག་བྱེད་པ་བཅས་ལ་བརྟེན་ས་གནས་ཡུལ་མི་ཚོར་དཀའ་ངལ་འཕར་མ་འཕྲད་ཀྱི་ཡོད་པ་བཅས་ལ་བརྟེན་ད་ཆ་མི་མང་ཚོ་འུ་ཐུག་གི་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་ཞིག་ཡིན་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎