བདུན་ཕྲག་གཅིག་གི་ལས་འགུལ་མཇུག་སྒྲིལ།

ཨོས་ཊྲེ་ལི་ཡའི་ནང་གནས་སྡོད་བོད་མི་གསུམ་གྱིས་འདས་པའི་བདུན་ཕྲག་གཅིག་གི་རིང་སྤེལ་བའི་བོད་མི་རང་སྲེག་གནང་མཁན་གྱི་ཞལ་ཆེམས་བརྒྱུད་བསྒྲགས་སོགས་ཀྱི་བོད་དོན་ལས་འགུལ་མཇུག་སྒྲིལ་ཡོད་པ་རེད།

2013.01.02

༄༅།    །འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། དེ་རིང་ཕྱི་ཚེས་༢ཉིན་ ཨོས་ཊྲེ་ལི་ཡའི་གྲོང་ཁྱེར་སིཌ་ཎིའི་ནང་ཡོད་པའི་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཡན་ལག་ལས་ཁངས་མདུན་དུ་ཡུལ་དེར་གནས་སྡོད་བོད་མི་འབྲི་རུ་བློ་བཟང་དང་མདའ་བཞིའི་ཕུན་ཚོགས། བསྟན་འཛིན་ཆོས་རྒྱལ་གསུམ་གྱིས་སྤེལ་བའི་བོད་ཕྱི་ནང་གི་བོད་མི་རང་ལུས་མེར་སྲེག་གནང་མཁན་གྱི་ཞལ་ཆེམས་བརྒྱུད་བསྒྲགས་སོགས་ཀྱི་བདུན་ཕྲག་གཅིག་རིང་གི་བོད་དོན་ལས་འགུལ་དེ་ཉིན་གཅིག་གི་ཟས་བཅད་ངོ་རྒོལ་དང་འབྲེལ་ནས་མཇུག་སྒྲིལ་ཡོད་པ་དང་། ཟླ་བ་སྔོན་མའི་ཚེས་༢༦ཉིན་ནས་བཟུང་བོད་མི་འདི་གསུམ་གྱིས་སྒེར་ངོས་ནས་བོད་ཕྱི་ནང་གི་དཔའ་བོ་དཔའ་མོའི་ཞལ་ཆེམས་བརྒྱུད་བསྒྲགས་ཞེས་པའི་བོད་དོན་ལས་འགུལ་ཞིག་སྤེལ་ཏེ། བོད་མི་རང་ལུས་མེར་སྲེག་གནང་མཁན་ཚོའི་ཞལ་ཆེམས་དང་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སོགས་དབྱིན་ཡིག་དང་རྒྱ་ཡིག་ནང་བཀོད་པའི་ཡིག་ཆ་འཁྱེར་ནས་བདུན་ཕྲག་གཅིག་རིང་ ཨོས་ཊྲེ་ལི་ཡའི་གྲོང་ཁྱེར་སིཌ་ཎི་གཙོས་ནིག་ཁ་སིལ་དང་། སྦི་ལོ་མོང་ཁྲན་སོགས་ས་གནས་བཞི་བཅུ་ཙམ་ལ་ཕྱིན་ནས་ཡིག་ཆ་ཆིག་ཁྲི་ཙམ་འགྲེམ་སྤེལ་དང་ས་གནས་མང་ཚོགས་ལ་བོད་ཀྱི་གནས་སྟངས་འགྲེལ་བརྗོད་གནང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎