སྲིད་འཛིན་ཨོ་བྷ་མ་མཆོག་ལ་བོད་དོན་ཐད་སྐུལ་ལྕག་གནང་འདུག


2016.08.20
ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཆབ་སྲིད་ཚོགས་པ་གཉིས་ཀྱི་གནད་ཡོད་མི་སྣ་ཚོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་སྐབས། ༢༠༡༦།༦།༡༤ ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཆབ་སྲིད་ཚོགས་པ་གཉིས་ཀྱི་གནད་ཡོད་མི་སྣ་ཚོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་སྐབས། ༢༠༡༦།༦།༡༤
ཀླུ་འབུམ།/RFA

ཨ་རིའི་གྲོས་ཚོཊ་ཀྱི་འཐུས་མི་ཚོས་སྲིད་འཛིན་མཆོག་ལ་བོད་དོན་ཐད་ཚིག་ལས་བརྒལ་ནས་ལས་དོན་དངོས་སུ་སྤེལ་རྒྱུའི་སྐུལ་ལྕག་གནང་འདུག
ཨ་མི་རི་ཀའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་སྲིད་འཛིན་ཨོ་བྷ་མ་མཆོག་གི་སྲིད་འཛིན་གྱི་ལས་དུས་གཙང་རྒྱུར་ཟླ་ཤས་ལས་མེད་པའི་ནང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ནང་ཆིབས་བསྒྱུར་བསྐྱངས་རྒྱུའི་ཐོབ་ཐང་ལ་ཡོངས་གྲགས་སྒོ་ནས་རྒྱབ་སྐྱོར་ཞུ་དགོས་པ་མ་ཟད། རྒྱ་མིའི་བཙོན་ཁང་ཁག་ནང་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པའི་བོད་མི་ཆབ་སྲིད་བཙོན་པ་རྣམས་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་འཕྲལ་དུ་གློད་བཀྲོལ་ཡོང་རྒྱུ་སོགས། བོད་ཀྱི་གནད་དོན་ཐད་ཕྱག་ལས་གནང་རྒྱུ་གནད་དོན་གལ་ཆེ་མང་པོའི་ནང་ནས་གལ་གནད་ཆེ་ཤོས་སུ་རྩིས་དགོས་པའི་སྐུལ་ལྕག་གནང་འདུག
ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་Jim McGovern་མཆོག་གིས་སྣེ་ཁྲིད་གནང་སྟེ། འདི་ཟླའི་ཚེས་༡༧་ཉིན་ཨ་རིའི་གྲོས་ཚོགས་འཐུས་མི་༧༡་ཡིས་སྲིད་འཛིན་ཨོ་བྷ་མ་མཆོག་ལ་ཕྱག་ཡིག་གཅིག་ཕུལ་བའི་ནང་། ཨོ་བྷ་མ་མཆོག་གི་སྲིད་འཛིན་ལས་དུས་གཙང་རྒྱུའི་ཟླ་བ་ལྷག་མ་ཁག་ནང་བོད་མི་མང་ལ་རྒྱབ་སྐྱོར་གནང་རྒྱུའི་ལས་དོན་སྤེལ་རྒྱུའི་འབད་བརྩོན་ལྡབ་འགྱུར་མང་བ་གནང་དགོས་པ་དང་། ཚིག་ལས་བརྒལ་ནས་ལས་དོན་དངོས་སུ་སྤེལ་རྒྱུ་གལ་འགངས་ཆེན་པོ་ཡིན་སྐོར་གསུངས་འདུག
ད་དུང་འདིའི་ནང་བོད་མི་རྣམས་ཀྱིས་ཨ་རི་དེ་བཞིན་རང་གི་གྲོགས་པོ་ཡིན་པར་རྩིས་ཀྱི་ཡོད་སྟབས། ད་ཆ་མཛའ་གྲོགས་དེ་བཞིན་བོད་རྒྱ་གཉིས་དབར་དོན་ཕན་ལྡན་པའི་འབྲེལ་མོལ་ཡོང་རྒྱུ་དང་བོད་མིའི་ཐོབ་ཐང་སྲུང་སྐྱོབ། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་ སྐད་ཡིག་བཅས་པ་མི་ཉམས་བརྒྱུད་འཛིན་ཆེད་ཐབས་བྱུས་གསར་བསྐྲུན་གནང་སྟེ་གུས་བརྩི་ཞུ་རྒྱུའི་དུས་ལ་བབས་ཡོད་སྐོར་སོགས་ཤོག་གྲངས་༣་ཅན་གྱི་ཕྱག་ཡིག་འདིའི་ནང་བཀོད་གནང་ཡོད་པ་དེ་ཕྱི་ཚེས་༡༨་ཉིན་ཡོངས་གྲགས་གནང་འདུག
དེའི་གོང་ལ་ཨ་རིའི་སྲིད་འཛིན་ལས་ཁུངས་ཕོ་བྲང་དཀར་པོས་ཨོ་བྷ་མཆོག་ཟླ་བ་རྗེས་མ་སྟེ་ཕྱི་ཟླ་དགུ་པའི་འགོ་སྟོད་ལ་རྒྱ་ནག་ནང་G20་ཞེས་པའི་དཔལ་འབྱོར་ཡར་ཐོན་ཅན་གྱི་རྒྱལ་ཁབ་༢༠་དབུ་ཁྲིད་རྣམས་པའི་ལྷན་ཚོགས་ཐོག་ཆེད་ཕེབས་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་ཅིང་། དེ་ནི་ཨོ་བྷ་མ་མཆོག་ཨ་རིའི་སྲིད་འཛིན་གནང་སྐབས་ལྷན་ཚོགས་དེར་ཕེབས་རྒྱ་མཐའ་མ་དེ་ཆགས་རྒྱུ་ཡིན་པ་རེད།
གོང་ཞུས་ཕྱག་ཡིག་དེའི་ནང་ད་དུང་ཨོ་བྷ་མ་མཆོག་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གལ་ཆེའི་དུས་ཆེན་ཡོངས་རྫོགས་དང་དུས་ཚོད་ག་དུས་ཡིན་པའི་མགྲོན་འབོད་གདན་ཞུ་ཕུལ་ནས་འཛམ་གླིང་ནང་གི་དཀའ་རྙོག་ཁག་སེལ་ཐབས་སྐོར་བཀའ་སློབ་གནང་འཇུག་དགོས་སྐོར་གསུངས་པ་མ་ཟད། ཨོ་བྷ་མ་མཆོག་གིས་ལས་དུས་ལྷག་མ་འདིའི་སྐབས་སུ་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཨ་རིའི་སྐུ་ཚབ་དོན་གཅོད་གསར་འཛུགས་ཐུབ་པ་དང་། ཨ་རིའི་མི་སེར་བོད་མི་དང་རྒྱ་མི་རིགས་ཚོ་བོད་ཀྱི་ས་ཁུལ་ཁག་དང་། རྒྱ་ནག་ནང་རང་དབང་ཐོག་ནས་འགྲུལ་བཞུད་ཀྱི་ཐུབ་པའི་འགོག་རྐྱེན་ཁག་སེལ་དགོས་སྐོར་སོགས་ཀྱང་སྐུལ་ལྕག་གནང་འདུག

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎