རྒྱ་ནག་ནང་དམངས་གཙོའི་འོས་འདེམས་ཚོད་ལྟ་བྱེད་བཞིན་པ།

རྒྱ་ནག་གཞུང་གིས་ཞིང་པའི་ས་ཁུལ་ཁག་ཅིག་གི་ནང་དམངས་གཙོའི་འོས་འདེམས་ལམ་ལུགས་ཚོད་ལྟ་བྱེད་བཞིན་ཡོད་པ།

2012.02.01

༄༅༎རྒྱ་ནག་གཞུང་གིས་རྒྱ་ནག་གི་ཞིང་པའི་ས་ཁུལ་ནང་དམངས་གཙོའི་འོས་འདེམས་ལམ་ལུགས་ཚོད་ལྟ་བྱེད་བཞིན་ཡོད་པ་རེད།ཕྱི་ཟླ་དང་པོའི་ཚེས་༣༡ཉིན་ནས་ཉེ་ཆར་ངོ་རྒོལ་གྱི་དོན་རྐྱེན་བྱུང་སའི་རྒྱ་ནག་གོང་ཏུང་ཞིང་ཆེན་དབུའུ་ཁན་གྲོང་ཚོའི་ནང་ས་གནས་དཔོན་རིགས་ཀྱི་འོས་འདེམས་སྤེལ་སྒོ་ཚུགས་ཀྱི་ཡོད་པ་དང་། དེའི་ཐོག་རྒྱ་ནག་དབུས་གཞུང་གིས་དོ་སྣང་ཆེན་པོ་བྱེད་བཞིན་པ་མ་ཟད། རྒྱ་ནག་གི་དཔོན་རིགས་ཁག་གཅིག་གིས་ཞིང་པའི་ས་གནས་ནང་དེང་སྐབས་ངོ་རྒོལ་གྱི་ཐོ་རླབས་འཕྱུར་བཞིན་པའི་དཀའ་རྙོག་དེ་སེལ་རྒྱུར་ས་གནས་ཀྱི་དཔོན་རིགས་ཚོ་མི་མང་ཚོས་འདོད་མོས་ཡོད་པ་ཞིག་འོས་འདེམས་བྱ་རྒྱུའི་ཐབས་ལམ་དེ་བཟང་ཤོས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པར་བརྟེན། རྒྱ་ནག་གོང་ཏུང་ཞིང་ཆེན་དབུའུ་ཁན་གྲོང་ཚོའི་གྲོང་མི་ཚོས་ས་གནས་དེའི་ནང་གི་དཔོན་རིགས་ཀྱིས་ལྐོག་ཟ་བྱས་ནས་ས་གནས་དེའི་ནང་གི་ས་ཞིང་མང་པོ་ཞིག ས་ཁང་ཚོང་པར་ཕྱིར་ཚོང་བྱས་པའི་གནད་དོན་གྱིས་རྐྱེན་པས། ས་གནས་གྲོང་མི་ཚོས་ངོ་རྒོལ་ཤུགས་ཆེའི་འོག གོང་ཏུང་ཞིང་ཆེན་གྱི་ཆེད་མཐོའི་དཔོན་རིགས་དབང་ཡང་ནས་ ས་གནས་དཔོན་རིགས་དམངས་གཙོའི་ཐབས་ལམ་གྱི་ཐོག་ནས་ས་གནས་གྲོང་མི་ཚོས་འོས་འདེམས་བྱ་རྒྱུར་མོས་མཐུན་བྱས་ནས་ངོ་རྒོལ་གྱི་རྣམ་པ་དེ་བཞིན་ཞི་བའི་ཐོག་ནས་རེ་ཞིག་སེལ་ཐུབ་ཡོད་པ་རེད། ད་རེས་གཟའ་ལྷག་པའི་ཉིན་ དབུའུ་ཁན་གྲོང་ཚོའི་གྲོང་མི་དྲུག་སྟོག་ལྷག་ཙམ་ཡོད་པ་རྣམས་ཀྱིས་འོས་ཤོག་དབྱུག་པའི་ས་ཚུགས་ཁག་ཏུ་དམངས་གཙོའི་ལམ་གྱི་ཐོག་ནས་ས་གནས་གྲོང་མིའི་དཔོན་རིགས་འོས་འདེམས་བྱས་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎