བཀའ་ཁྲི་ཟམ་གདོང་རིན་པོ་ཆེར་བཀྲིན་རྗེས་དྲན།

བདེ་སྐྱིད་གླིང་གི་སྐུ་ཚབ་མི་སྣ་བདུན་གྱིས་བཀའ་ཁྲི་མཆོག་ལ་བཀྲིན་རྗེས་དྲན་ཞུ་སླད་ཞལ་ཐང་དང༌དངུལ་གྱི་མཆོད་ཀོང་ཞིག་གཟེངས་བསྟོད།

2011.07.25

༄༅༎དེ་རིང་བཞུགས་སྒར་རྡ་རམ་ས་ལར་བཀའ་ཤག་ཚོགས་ཁང་དུ་བདེ་སྐྱིད་གླིང་ས་གནས་མི་མང་གི་སྐུ་ཚབ་མི་སྣ་བདུན་གྱིས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ལ་བཀྲིན་རྗེས་དྲན་ཞུ་སླད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་ཐང་དང༌། དངུལ་གྱི་མཆོད་ཀོང་ཞིག་གཟེངས་བསྟོད་ཆེད་ཕུལ་འདུག། སྐབས་དེར་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་ད་བར་ཕྱག་ལས་གནང་བ་རྣམས་མང་ཚོགས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་དང༌། མ་འོངས་པར་ཡང་དམངས་གཙོའི་སྤྱི་ཚོགས་ནང་གནད་དོན་གང་འདྲ་ཞིག་ཡིན་རུང༌། གཙོ་བོ་མི་མང་གིས་ཐག་གཅོད་བྱེད་དགོས་པ་ཞིག་ཡིན་ཙང་ ད་ལྟ་བཞིན་སྤྱིར་བཏང་མི་མང་ཚོའི་ཐུགས་འདོད་ཐམས་ཅད་འགྲུབ་དགོས་རྒྱུ་དང༌། དེའི་ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དགོངས་དོན་དང་མི་འགལ་་བ་གནང་ཐུབ་ན་དེ་ལས་ལྷག་པ་གང་ཡང་དགོས་ཀྱི་མ་རེད་དགོངས་ཀྱི་འདུག་ཅེས་གསུངས་ཏེ། བདེ་སྐྱིད་གླིང་མང་ཚོགས་ལ་ཐུགས་རྗེ་ཆེ་ཞེས་གསུང་བཞག།

བདེ་སྐྱིད་གླིང་ས་གནས་འཐུས་ཚོགས་དང༌། བོད་རང་དབང་བདེན་པའི་ལས་འགུལ། སྤྱི་མི་བརྒྱ་དཔོན། གཞོན་ནུ། བུད་མེད། བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པ། ཆོལ་ཁ་གསུམ། མངའ་རིས་སྤྱི་མཐུན་ཚོགས་པ། ལྷོ་ཁ་སྤྱི་ཚོགས་བདེ་དོན། དང་ཟུར་སྐྱིད་སྡུག་སོགས་ཚོགས་པ་སྐྱིད་སྡུག་ཁག་༡༤ཐུན་མོང་གི་ཐོག་ནས་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་ཁྲིའི་མཚན་འཁུར་བཞེས་པ་ཙམ་མ་ཟད། བཙན་བྱོལ་དུ་ཕེབས་པ་ནས་བཟུང་ད་བར་ བོད་མི་རིགས་དང་རྩ་དོན་ཆེད་གཟེངས་སུ་ཐོན་པའི་ཕྱག་ལས་གྲུབ་འབྲས་ལྡན་པ་མང་པོ་གནང་ཡོད་པར་ངོས་འཛིན་དང་འབྲེལ། རིན་པོ་ཆེ་མཆོག་ལ་ཐུགས་རྗེ་ལེགས་འབུལ་དང་བཀའ་དྲིན་རྗེས་དྲན་ཞུ་སླད་ གོང་ཞུས་ཆེ་བསྟོད་གཟེངས་རྟགས་དེ་ཕུལ་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎