འདན་མར་རང་ཤི་ངོ་རྒོལ་དང་རྨས་མ་འདས་གྲོངས།


2014.08.18
གདན་མ་ཕྱོགས་ཀྱི་ས་གནས་བོད་མི་ཚོས་སྡེ་དཔོན་གློད་བཀྲོལ་དགོས་བའི་དགོས་འདུན་བཏོན་བཞིན་པ། ༢༠༡༤།༨།༡༢ གདན་མ་ཕྱོགས་ཀྱི་ས་གནས་བོད་མི་ཚོས་སྡེ་དཔོན་གློད་བཀྲོལ་དགོས་བའི་དགོས་འདུན་བཏོན་བཞིན་པ། ༢༠༡༤།༨།༡༢
བོད་འབྱོར།

སེར་ཤུལ་རྫོང་འདན་མ་ཤུག་པ་སྡེ་བའི་བློ་དཔལ་བཟང་གིས་རྒྱ་གཞུང་ལ་རང་ཤི་ངོ་རྒོལ་བྱས་བ་དང་རྨས་མ་གཅིག་མྱུར་སྐྱོབ་མ་ཐུབ་པར་གྲོངས་འདུག
སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ཚོགས་གཙོ་འཆམ་ར་དྲི་མེད་རྒྱལ་མཚན་ལགས་ཀྱིས་འདི་གར་གནས་ཚུལ་བཏང་དོན། སེར་ཤུལ་རྫོང་འདན་མ་ཕྱོགས་ཀྱི་ས་གནས་བོད་མིའི་ཐོག་རྒྱ་ནག་གིས་མེ་མདའ་རྒྱབ་ནས་དྲག་གནོན་བྱས་བའི་དོན་རྐྱེན་རྗེས། སྤྱི་ཚེས་༡༧ ཉིན་སྐབས་དེར་རྨས་སྐྱོན་ཐེབས་པ་དང་། དེ་ནས་འཇུ་བཟུང་བྱས་ཏེ་བཀག་བསྐྱིལ་བྱས་ཡོད་པའི་ཤུག་པ་སྡེ་བའི་སྐྱེས་པ་བློ་དཔལ་བཟང་གིས་རྒྱ་གཞུང་གི་མནར་གཅོད་ལ་ངོ་རྒོལ་ཆེད་བཀག་བསྐྱིལ་ཁང་དུ་རང་ཤི་བརྒྱབ་ཡོད་པ་དང་། དེ་བཞིན་རང་ལོ་༢༢ཅན་གྱི་སྐྱེས་པ་ཞིག་ཀྱང་དུས་ཐོག་སྨན་བཅོས་མྱུར་སྐྱོབ་མ་བྱུང་བར་འདས་གྲོངས་སུ་ཕྱིན་འདུག སྤྱི་ཚེས་༡༦ཉིན་རྒྱ་གཞུང་གིས་ཤུག་པ་སྡེ་པའི་སྐྱེས་པ་ལོ་ན་ ༡༢ ཡན་དང་རྒན་འཁོགས་མན་གྱི་སྐྱ་སེར་ཚང་མ་འཛིན་བཟུང་བྱས་ཏེ། ལོ་ཕྱུག་བཙོན་ཁང་དང་ས་གནས་སྨན་ཁང་གསར་པའི་ནང་བཀག་ཉར་བྱས་ཡོད་པ་མ་ཟད། བཙན་གྱིས་སྐྲ་བྲེགས་ནས་མགོ་རིལ་བཟོས་ཡོད་པ་དང་། ཉེ་སྔོན་རྨས་སྐྱོན་ཕོག་པ་ཚོའང་བཀག་ཉར་ཁང་དུ་བཙན་ཁྲིད་ཀྱིས་སྨན་བཅོས་ཀྱི་མཐུན་རྐྱེན་མེད་པར་བཟོས་ཡོད་པ་དང་། མེ་མདའ་ཕོག་པའི་དབང་གྲགས་ལགས་ཀྱི་བུ་ཀུན་དགའ་ཤེས་རབ་སོགས་རྨས་མ་ཁག་ཅིག་ལའང་སྨན་ཁང་གིས་མདེལ་མགོ་ཕྱིར་བཏོན་རོགས་བྱས་མེད་སྟབས། ད་ལྟ་ཛ་དྲག་གི་གནས་སུ་ལྷུང་ཡོད་འདུག
དེ་ནི་འདི་ཟླའི་ཚེས༡༡ཉིན་གྱི་མཚན་མོའི་ཆུ་ཚོད་༡༢ཙམ་ལ་། ས་གནས་ཉེན་རྟོག་པས་དཀར་མཛེས་ཁུལ་སེར་ཤུལ་རྫོང་འདན་མ་ཡུལ་ཚོ་ཤུག་པ་གྲོང་པའི་སྡེ་དཔོན་དབང་གྲགས་ཞུ་བ་ཞིག་འཛིན་བཟུང་བྱས་པའི་རྗེས་ཚེས་༡༢ཉིན་བོད་མི་བརྒྱ་ཕྲག་ལྷག་ས་གནས་སྲིད་གཞུང་གི་སྒོ་འགྲམ་དུ་འདུ་འཛོམས་བྱས་ཏེ། སྡེ་དཔོན་དབང་གྲགས་ལགས་ལ་ནག་ཉེས་གང་ཡང་མེད་པས་འཕྲལ་དུ་གློད་འགྲོལ་གཏོང་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད། ས་གནས་སྲིད་གཞུང་གིས་བཟང་ཕྱོགས་ཀྱི་བརྡ་ལན་སྤྲོད་རྒྱུའི་ཚབ་ཏུ་ཉེན་རྟོག་པ་དང་། དམག་མི་འབོར་ཆེན་ཆེད་གཏོང་གིས་མི་མང་ལ་དྲག་གནོན་བྱས་ཏེ་བོད་མི་༡༦ཡས་མས་ཤིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་དང་། ཡུལ་མི་མང་པོ་འཛིན་བཟུང་བྱས་པའི་ཁྲོད་ནས་མི་༢༥ཡི་མིང་ཐོ་ཕྱི་ཕྱོགས་སུ་འབྱོར་བ་རྣམས་ནི། སྡེ་དཔོན་གཞོན་པ་དབང་ཆེན་ལགས་དང་ཤུག་པ་མེ་རུ་དགོན་པའི་སྒྲུབ་དཔོན་ཀརྨ་རིན་ཆེན་ལགས། རང་ཤི་བརྒྱབ་པའི་བློ་དཔལ་བཟང་། པདྨ་རྒྱལ་ལོ། ཡོན་ཏན་སྐྱབས། བཀྲ་དགའ། ཀུན་དགའ་བསྟན་འཛིན། ཟླ་བ་བཀྲ་ཤིས། ཀརྨ་བཀྲ་ཤིས། བཀྲ་ཤིས་མགོན་པོ། ཀུན་དགའ་ཤེས་རབ། ཡེ་ཤེས། འཇམ་དབྱངས་བསོད་ནམས། བཀྲ་ཤིས། ཚེ་རིང་། རྒྱ་ལུག ཐུབ་བསྟན་ཆོས་འཕེལ། བླ་སྐྱབས། བུ་མོ། མཚོ་རྒྱ། སྦུ་རྒྱལ། དབྱངས་ཅན་ལྷ་མོ། ཚེ་སྐྱབས་དབང་མོ། ཡེ་ཤེས་སྒྲོལ་མ། དབྱངས་ཅན་དཔལ་མོ་བཅས་ཡིན་པ་རེད།

གསར་འགོད་པ་ཀླུ་འབུམ།

 

འབྲེལ་ཡོད་གནས་ཚུལ་གཤམ་ལ་གསན་རོགས༎

 

གསར་འགོད་པ་བསོད་ནམས་དབང་འདུས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎