རྒྱ་ནག་ནང་ཤིན་ཏུ་མགྱོགས་པའི་རི་ལི་བརྡབ་སྐྱོན།

རྒྱ་ནག་ནང་གི་ཆེས་མགྱོགས་པའི་རི་ལིར་བརྡབ་སྐྱོན་བྱུང་ནས་འགྲུལ་པ་༣༥རྐྱེན་ལམ་ཕྱིན་པ་དང་མང་པོར་རྨས་སྐྱོན་ཕོག་པ།

2011.07.24

༄༅༎རེས་གཟའ་སྤེན་པའི་ཕྱི་དྲོ་རྒྱ་ནག་གི་ཤར་ཕྱོགས་ཀྲེ་ཅང་ཞིང་ཆེན་ནང་རྒྱ་ནག་གི་རི་ལི་མྱུར་ཚད་མགྱོགས་ཤོས་ཤིག་དང་རི་ལི་གཞན་ཞིག་གདོང་ཐུག་བྱུང་སྟེ་འགྲུལ་པ་མི་གྲངས་༣༥ རྐྱེན་ལམ་དུ་ཕྱིན་ཡོད་པ་དང༌། མི་༢༡༠ རྨས་སྐྱོན་ཕོག་ཡོད་པའི་སྐོར་དེ་རིང་ཀྲེ་ཅང་ཞིང་ཆེན་གྱི་ཛ་དྲག་ལས་དོན་དཔོན་རིགས་ནས་བཤད་ཡོད་པ་རེད།

རྒྱ་ནག་གི་སྲིད་བློན་གཞོན་པ་རི་ལི་བརྡབ་སྐྱོན་བྱུང་ཡུལ་དུ་འབྱོར་ཡོད་པ་དང༌། མྱུར་སྐྱོབ་ཀྱི་ལས་དོན་དང་དོན་རྐྱེན་དེ་ཇི་ལྟར་བྱུང་ཡོད་པའི་གནས་ཚུལ་ཞིབ་འཇུག་བྱེད་མུས་ཡིན་པ་རེད། དེ་རིང་རེས་གཟའ་ཉི་མའི་སྔ་དྲོའིཚོུད་༩ དང་ཕྱེད་ཀ་ བར་འགྲུལ་པ་མི་གྲངས་༣༥ རྐྱེན་ལམ་དུ་ཕྱིན་ཡོད་པ་ངེས་པ་ཡིན་ཞིང༌། དེའི་ནང་དུ་ཕྱི་རྒྱལ་བ་གཉིས་ཡོད་པ་རེད། མི་༣༥ དེའི་ནང་ནས་མིང་དང་སྡོད་གནས་སོགས་ངོ་ཐག་ཆོད་པའི་ཕུང་པོ་༡༩ བྱུང་ཡོད་པ་དང༌། དེ་འཕྲོས་ཀྱི་ཕུང་པོ་རྣམས་ངོ་ཐག་ཆོད་མེད་པ་དང༌། དོན་རྐྱེན་བྱུང་ཡུལ་ནི། རེས་གཟའ་སྤེན་པའི་ཕྱི་དྲོའི་ཚོུད་༨ དང་སྐར་མ་༣༨ ཐོག་རྒྱ་ནག་གི་ཤར་ཕྱོགས་ཀྲེ་ཅང་ཞིང་ཆེན་གྱི་ལྦེན་ཀྲུའུ་གྲོང་ཁྱེར་གྱི་ཉེ་འདབས་ཟམ་པའི་ཐོག་གདོང་ཐུག་བྱུང་བ་ཡིན་ཞིང༌། རི་ལི་མྱུར་ཚད་མགྱོགས་ཤོས་D301 བྱས་པ་དེ། པེ་ཅིང་ནས་ལྷོ་ཤར་ཕུ་ཅའན་ཞིང་ཆེན་གྱི་གྲོང་ཁྱེར་པུ་ཀྲུའུ་དུ་འགྲིམས་འགྲུལ་བྱེད་མཁན་ཡིན་པ་དང༌། རི་ལི་མགོ་རིང་པོ་D 3115 བྱས་པ་དེ་ནི་ཀྲེ་ཅང་ཞིང་ཆེན་གྱི་གྲོང་ཁྱེར་ཧང་ཀྲུའུ་ནས་ཕུ་ཀྲུའུ་གྲོང་ཁྱེར་དུ་འགྲིམས་འགྲུལ་བྱེད་མཁན་གཉིས་གདོང་ཐུག་བྱུང་བ་ཞིག་ཡིན་པ་རེད། ད་རེས་རྒྱ་ནག་གི་རི་ལི་མྱུར་ཚད་མགྱོགས་ཤོས་དེ་གདོང་ཐུག་གི་དོན་རྐྱེན་བྱུང་བའི་རྗེས། རི་ལི་༥༨ འགྲིམས་འགུལ་མཚམས་འཇོག་བྱས་ཡོད་པ་དང༌། རི་ལིའི་ལྕགས་ལམ་སྐྱོན་ཆག་ཕྱིན་པ་རྣམས་བསྐྱར་གསོ་བྱེད་མུས་ཡིན་ཞིང་། དེ་རིང་རེས་གཟའ་ཉི་མའི་ཕྱི་དྲོའི་ཚོུད་༦ པའི་ནང་ཚུད་ལ་འགྲིམས་འགྲུལ་གྱི་ལས་གཞི་བསྐྱར་གསོ་བྱ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎