རྒྱ་ནག་གི་འབྲི་ཆུའི་ཐོག་གི་ཆུ་མཛོད་ཁག་ཅིག་རྡིབ་སྐྱོན་ཤོར་ཉེན།

རྒྱ་ནག་གི་འབྲི་ཆུའི་ཐོག་ཏུ་ཉེ་བའི་ལོ་རབས་ནང་འཛུགས་སྐྲུན་བྱས་པའི་ཆུ་མཛོད་ཁག་ཅིག་མ་འོངས་པའི་ལོ་ཤས་ནང་ཚུད་ལ་རྡིབ་རྒྱུའི་ཉེན་ཁ།

2009.06.19

༄༅༎རྒྱ་ནག་གི་འབྲི་ཆུའི་ཐོག་ཏུ་ཉེ་བའི་ལོ་རབས་ནང་འཛུགས་སྐྲུན་བྱས་པའི་ཆུ་མཛོད་ཁག་ཅིག་མ་འོངས་པའི་ལོ་ཤས་ནང་ཚུད་ལ་རྡིབ་རྒྱུའི་ཉེན་ཁ་ཡོད་པའི་སྐོར་དེ་རིང་རྒྱ་ནག་གཞུང་འབ་ཤིང་ཧ་གསར་ཤོག་ཐོག་གནས་ཚུལ་སྤེལ་ཡོད་པ་ཕེ་རན་སི་གསར་ཤོག་གིས་ལུང་འདྲེན་བྱས་ཡོད་པ་རེད།

རྒྱ་ནག་གཞུང་གིས་འབྲི་ཆུའི་ཐོག་ཆུ་མཛོད་མང་པོ་འཛུགས་སྐྲུན་བྱས་པ་ནས་རྒྱ་ནག་གི་ནུབ་བྱང་ཀན་སུའུ་ཞིང་ཆེན་ནང་གི་ཆུ་མཛོད་མང་པོ་ཞིག་མ་འོངས་པའི་ལོ་འགའ་ཤས་ནང་གནོད་སྐྱོན་འགྲོ་རྒྱུའི་ཉེན་ཁ་ཡོད་པ་དང་དེ་ནི་ཆུ་མཛོད་དེ་དག་གི་འཛུགས་སྐྲུན་གྱི་རྒྱུ་ཆ་རྫུན་མ་བསྲེས་ལྷད་བཏང་བ་དང་ལྷག་པར་དུ་འཛུགས་སྐྲུན་གྱི་ལས་གཞི་དེར་ཚང་དགོས་པའི་ལག་རྩལ་དམན་པའི་བཟོ་བ་དང་དཔལ་འབྱོར་གྱི་སྔོན་རྩིས་ཆ་ཚང་བ་འཛུགས་སྐྲུན་ཐོག་མ་བཏང་བར་བར་བཟོས་བྱས་པའི་གནས་སྟངས་འོག་ད་ཆ་རྒྱ་ནག་རྒྱལ་ཁབ་ཀྱི་ཆུ་མཛོད་ཀྱི་བརྒྱ་ཆ་བཞི་བཅུ་ལྷག་རྡིབ་སྐྱོན་འགྲོ་རྒྱུ་ཉེན་ཁ་ཡོད་པ་མ་ཟད་ཆུ་མཛོད་དེ་དག་གིས་ས་གནས་མི་དམངས་ཀྱང་ཉེན་ཁའི་གནས་སུ་ལྷུང་རྒྱུ་ཡིན་པའི་སྐོར་བཤད་ཡོད་པ་རེད། དེ་ཡང་རྒྱ་ནག་གི་གཞོན་ནུའི་ཉིན་རེའི་གསར་ཤོག་ཐོག་ལ་ཀན་སུའུ་ཞིང་ཆེན་ནང་ཡོད་པའི་འབྲི་ཆུའི་ཡན་ལག་ཐོག་ཏུ་འཛུགས་སྐྲུན་བྱས་པའི་ཆུ་མཛོད་ཁག་མང་པོ་ཞིགམ་འོངས་པའི་ལོ་གཅིག་གཉིས་ནང་ལ་ལོག་རྒྱུའི་ཉེན་ཁ་ཡོད་པའི་སྐོར་བཤད་ཡོད་པ་མ་ཟད་ད་དུང་ཆུ་མཛོད་གཅིག་མིང་འདོན་བྱས་ཡོད་པ་ནི་ཀན་སུའུ་ཞིང་ཆེན་གྱི་ཧུའན་ས་གནས་ནང་གི་འབྲི་ཆུའི་སྟེང་དུ་འཛུགས་སྐྲུན་བྱས་པའི་ཆུ་མཛོད་དེ་ནི་ཕྱི་ལོ་ཉིས་སྟོང་དྲུག་ལོར་འཛུགས་སྐྲུན་བྱས་པ་དེ་ད་ཆ་ཆུ་མཛོད་ཀྱི་དཀྱིལ་དུ་སེར་ཁ་གས་ཡོད་པའི་སྐོར་བཤད་ཡོད་ཅིང་དེ་བཞིན་ཀན་སུའུ་ཞིང་ཆེན་གྱི་ས་གནས་ཀྱི་གསར་ཤོག་ཐོག་ལའང་ཁོང་ཚོའི་ས་གནས་སུ་ཉེ་བའི་ལོ་རབས་ནང་གསར་ཏུ་འཛུགས་སྐྲུན་བྱས་པའི་ཆུ་མཛོད་ཉུང་མཐར་ལྔའི་གནས་སྟངས་ཧ་ཅང་གི་ཉེན་ཁ་ཡོད་པའི་སྐོར་བཤད་ཡོད་པ་རེད། ཕེ་རན་སི་གསར་འགོད་པས་ཀན་སུའུ་ཞིང་ཆེན་གྱི་ཆུའི་སྲུང་སྐྱོབ་ལས་ཁུངས་ཀྱི་དཔོན་རིགས་ཤིག་ལ་གནས་སྟངས་དེའི་སྐོར་བཀའ་འདྲི་ཞུ་ཐབས་བྱས་པར་དཔོན་རིགས་དེས་མིང་བཤད་འདོད་མི་བྱེད་པ་མ་ཟད་གནས་སྟངས་དེའི་ཐོག་ལ་རྒྱ་ནག་གཞུང་ཕྱོགས་ནས་ཞིབ་འཇུག་བྱེད་འགོ་ཚུགས་ཡོད་པའི་སྐོར་ལན་འདེབས་བྱས་པ་ལས་དེ་མིན་ཞིབ་ཕྲ་གནས་ཚུལ་འགྲེལ་བརྗོད་བྱས་མེད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎