རིག་གཞུང་ནི་བོད་མིའི་བླ་སྲོག་ཡིན།
2013.04.30

༄༅། །ཟླ་བ་འདི་ཚེས་ ༢༨ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིསཌལ་ཧོར་བོད་མིའི་གཏན་སློབ་དབུ་བརྙེས་ནས་ལོ་ ༥༠ འཁོར་བའི་དུས་དྲན་མཛད་སྒོ་དངོས་གཞིའི་ཐོག་ཆིབས་བསྒྱུར་བཀྲིན་བསྐྱངས་གནང་གིས་དགེ་ལས་སློབ་ཕྲུག་དང་སློབ་ཟུར་རྣམ་ཀྱི་གཙོས་པའི་དེར་བསྡུས་མང་ཚོགས་ལ་བོད་ཀྱི་སྐད་ཡིག་ནང་ཡོད་པའི་སངས་རྒྱས་ཀྱི་ཆོས་དང་བོད་ཀྱི་ཐུན་མོང་མིན་པའི་རིག་གཞུང་བཅས་པ་ནི། བོད་མི་རིགས་ཀྱི་བླ་སྲོག་ཡིན་སྐོར་སོཌ་ཀྱི་བཀའ་གནང་འདུག ༧གོང་ས་མཆོག་ནས་སྐབས་དེར་ད་དུང་། ཌལ་ཧོར་བོད་མིའི་གཏན་སློབ་ནས་སློབ་པ་མཐར་སོན་པའི་ཁོངས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཞབས་འདེགས་ཞུ་བཞིན་ཡོད་སྐོར་བཀའ་གནང་བ་དང་འབྲེལ། གཏན་སློབ་དེའི་སློབ་སྤྱི་ཐོག་མའི་གྲས་ཡིན་པ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་ཐོག་མར་གདན་ས་ཆེན་པོ་འབྲས་སྤུངས་ནང་སློབ་གཉེར་གནང་བ་དང་། དེ་ནས་རྒྱ་གར་ལ་བྲོས་བྱོལ་ཕེབས་པའི་རྗེས་ནས་བཟུང་ལོ་མང་རིང་ཆོས་དང་སྲིད་ཀྱི་ལས་དོན་གང་སྤྱིའི་ཐད་ལ་ཐུགས་འཁུར་ཆེ་བཞེས་གནང་བས་མ་ཟད། མང་ཚོགས་ཀྱི་ཞབས་ཞུ་ཧུར་ཐག་གནང་བར་དམིགས་བསལ་བསྔགས་བརྗོད་གནང་འདུག །