༧གོང་ས་མཆོག་ཉི་ཧོང་དུ་ཆིབས་བསྒྱུར།

ཉི་ཧོང་དད་ལྡན་པ་སོགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན། ༧གོང་ས་མཆོག་གིས་ཕྱི་ཟླ་༡༡ཚེས་༢ཉིན་བཞུགས་སྒར་རྡ་རམ་ས་ལའི་ཕོ་བྲང་ནས་ཉིན་ཧོང་ཁུལ་དུ་ཆིབས་བསྒྱུར་བཀའ་དྲིན་མཛད་ཡོད་པ་རེད།

2012.11.02

༄༅།    །མཛད་འཆར་སྔོན་སྒྲིག་གནང་བ་གཞིར་བཟུང་བྱས་ན།    ཕྱི་ཚེས་༤ཉིན་གྱི་སྔ་དྲོ་ཉི་ཧོང་ཡོ་ཀོ་ཧ་མ་ཁུལ་དུ་ཆིབས་བསྒྱུར་གྱིས་དེ་གའི་པི་སི་ཕེ་ཚོགས་ཁང་དུ་དད་ལྡན་ཆོས་ཞུ་བ་རྣམས་ལ་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་གསུང་ཆོས་བཀའ་དྲིན་བསྩལ་རྒྱུ་དང་།  ཉིན་རྒྱབ་ཏུ་མི་མང་ལ་རྐྱེན་ངན་བྱུང་སྐབས་བཟང་ཕྱོགས་ཀྱི་རེ་བ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་རྒྱུ་ཡིན་པ་རེད།
ཕྱི་ཚེས་༦ནས་༧བར་གཉིས་རིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་རྒྱལ་ས་ཊོཀ་ཡོ་རུ་དེ་གའི་ཚན་རིག་པ་དང་། དགེ་འདུན་པ།  དེ་བཞིན་ནང་པའི་མཁས་དབང་བཅས་དང་ལྷན་ནང་ཆོས་ཕྱི་ནང་གི་ཚན་རིག་ཅེས་པའི་བརྗོད་གཞིའི་ཐོག་གི་བགྲོ་གླེང་ནང་ལྷན་ཞུགས་མཛད་རྒྱུའི་ཁར།  ཕྱི་ཚེས་༡༡ཉིན་ཉི་ཧོང་ཨོ་ཀི་ན་ཝར་དེ་གའི་བྷུ་ཊྷོ་ཀན་ཚོགས་ཁང་དུ་བཀའ་ངལ་ལས་འགྲོལ་བའི་ནུས་ཤུགས་དང་།  མ་འོངས་པའི་མི་རབས་གཞོན་སྐྱེས་ཚོར་ལམ་སྟོན་བཀའ་སློབ་བསྩལ་རྒྱུ།  ཕྱི་ཚེས་༡༣ཉིན་ཉི་ཧོང་གི་རྒྱལ་ས་ཊོཀ་ཡོ་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མི་མང་གི་ལས་གཞི་སེམས་ཁམས་ཚན་རིག་སོགས་ཀྱི་བྱེད་སྒོ་ཁག་ནང་ལྷན་ཞུགས་མཛད་རྒྱུ་ཡིན་པ་རེད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎