བཟང་སྤྱོད་བརྒྱུད་གོ་ལའི་གནས་སྟངས་བཟང་དུ་གཏོང་ཐབས།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ ཨིན་ཡུལ་གྱི་རྒྱལ་ས་ལོན་ཌོན་ནང་། བཟང་སྤྱོད་བརྒྱུད་འཛམ་གླིང་གི་གནས་སྟངས་བཟང་དུ་གཏོང་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་གནང་འདུག

2012.10.25

༄༅།    །ཨིན་ཇིའི་རྒྱལ་ས་ལོན་ཌན་དུ་རྟེན་གཞི་བྱེད་པའི་ལེ་གྷ་ཊམ་(Legatum Institute) ལྟེ་གནས་ཁང་གི་ཚོགས་ཁང་དུ་གོ་སྒྲིག་ཞུས་པའི་ལྷན་ཚོགས་དེར། དཔལ་འབྱོར་དང་། ཆབ་སྲིད། ཁྲིམས། གསར་འགོད་པ་སོགས་ལས་རིགས་འདྲ་མིན་གྱི་ཆེད་ལས་པ་བཅས་མཉམ་ཞུགས་གནང་ཡོད་འདུག ༧གོང་ས་མཆོག་གི་གསུང་བཤད་ནང་། ང་ཚོ་ཚང་མ་འགྲོ་བ་མིའི་རིགས་གཅིག་མཚུངས་ཆགས་ཡོད། ང་ཚོར་དེང་སྐབས་འཕྲད་བཞིན་པའི་འཛམས་གླིང་གི་དཀའ་ངལ་ཉུང་དུ་གཏོང་དགོས་པ་དེ་དག་འཛམ་གླིང་ནང་གི་འགྲོ་བ་མི་རིགས་ཚང་མར་གཅིག་མཚུངས་སུ་འཕྲད་བཞིན་པའི་དཀའ་ངལ་ཞིག་ཡིན་པར་བརྟེན། ང་ཚོས་ཕན་ཚུན་གོ་རྟོགས་སྤེལ་ནས་དཀའ་ངལ་དེ་དག་སེལ་ཐབས་བྱེད་དགོས་ལུགས་གསུངས་གནང་བ་དང་སྦྲགས། ངོས་རང་ད་ལྟ་ལོ་ ༧༧ ལ་བསླེབས་ཡོད། ངོས་རང་ལོ་ ༡༦ སྐབས་རང་དབང་བརླགས་སོང། དེ་ནས་རང་ལོ་ ༢༤ སོན་སྐབས་ལུང་པ་ཤོར་བ་རེད། ངོས་རང་སྐྱེས་ནས་མི་རིང་བར་རྒྱ་ནག་དང་ཉི་ཧོང་དབར་དམག་འཐབ་བྱུང་བ་དང། དམག་ཆེན་གཉིས་པའི་དུས་སྐབས་ཁེལ་ཏེ། ཀོ་རི་ཡ་དང་ཝདྣམ་དམག་འཁྲུག རྒྱ་གར་དང་པ་ཀི་སི་ཐན་དུམ་བུར་བགོས་པའི་རྩོད་རྙོག་སོགས་ངོས་ཀྱི་མི་ཚེའི་ནང་དྲག་སྤྱོད་ཤུགས་ཆེ་དངོས་སུ་མཐོང་ཡོད། དུས་རབས་༢༠ནང་ཚན་རིག་དང་འཕྲུལ་རིག་ཐོག་ཡར་རྒྱས་ཧ་ལས་པ་བྱུང་ཡོད་ནའང། དུས་རབས་དེ་མི་གསོད་ཁྲག་སྦྱོར་གྱི་དུས་རབས་ཤིག་ཀྱང་ཆགས་ཡོད། དེར་བརྟེན་དུས་རབས་༢༡ དེ་བཞིན་མི་འདྲ་བ་ཞིག་དགོས་ཚེ།    དཀའ་ངལ་སེལ་རྒྱུའི་ཐབས་ལམ་ལ་འགྱུར་བ་བཏང་སྟེ་བཟང་སྤྱོད་ཀྱི་ཐབས་ལམ་ལ་གཞི་བཅོལ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་ཅེས་བཀའ་གནང་འདུག


༧གོང་ས་མཆོག་ནས་ད་རེས་ཨ་རི་དང་དབྱིན་ཡུལ་བཅས་སུ་བསྐྱངས་པའི་བདུན་ཕྲག་གཉིས་ཙམ་གྱི་མཛད་འཆར་གྲུབ་ནས་ད་རང་སྔ་དྲོ་བཞུགས་སྒར་དྷ་རམ་ས་ལར་ཞབས་སོར་བདེ་བར་འཁོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎