སྤྱི་ནོར་༧གོང་ས་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་ལ་འཚམས་འཕྲིན་བསྩལ།

རྒྱ་གར་གྱི་སྲིད་འཛིན་མཆོག་སྨན་བཅོས་བཤག་བཅོས་ལམ་ལྷོང་བྱུང་བར་བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཚམས་འཕྲིན་བསྩལ་གནང་འདུག
རྒྱ་གར་གྱི་སྲིད་འཛིན་མཆོག་སྨན་བཅོས་བཤག་བཅོས་ལམ་ལྷོང་བྱུང་བར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཚམས་འཕྲིན་བསྩལ་གནང་འདུག
དེ་ཡང་ཕྱི་ཟླ་གསུམ་པའི་ཚེས་༣༡ཉིན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་གྱི་སྲིད་འཛིན་སྐུ་ཞབས་(Ram Nath Kovind)ལགས་སུ་འཚམས་འཕྲིན་བསྩལ་བའི་ནང་། ཉེ་ཆར་སྲིད་འཛིན་མཆོག་གི་མགུལ་སྙིང་ལ་སྨན་བཅོས་བཤག་བཅོས་གནང་བ་ལམ་ལྷོང་ཡག་པོ་བྱུང་བར་ཐུགས་དགྱེས་ཚོར་བྱུང་གནང་བ་དང་། སྙུང་གཞི་མགྱོགས་ནས་མྱུར་དུ་་དྲག་བསྐྱེད་ཡོང་བའི་སྨོན་ལམ་ཞུ་རྒྱུ་དང་། སྲིད་འཛིན་ཁྱེད་ལོ་མང་སྔོན་ནས་ངོ་ཤེས་བྱུང་བར་དམིགས་བསལ་ཐུགས་དགྱེས་ཚོར་དང་། ཐུགས་གྲོགས་རྙིང་གྲས་ཞིག་ལ་བརྩི་་འཇོག་ཞུ་བཞིན་ཡོད་པ་བཀའ་སྩལ་གནང་ཡོད་འདུག