༧གོང་ས་མཆོག་གིས་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་སློབ་གནང་བ།
2015.01.13

༧གོང་ས་མཆོག་གིས་དཀའ་རྙོག་རྣམས་གྲོས་མོལ་གྱི་ལམ་ནས་སེལ་བའི་ཞི་བའི་དུས་རབས་ཤིག་སྐྲུན་ཐབས་བྱ་དགོས་བའི་བཀའ་གནང་འདུག
དེ་ཡང་སྤྱི་ནོར་༧གོང་ས་མཆོག་ཕྱི་ཚེས་༡༢ཉིན་རྒྱལ་ས་ལྡི་ལི་ནས་རྒྱ་གར་གྱི་ནུབ་Bengalཡི་རྒྱལ་ས་Kolkataདུ་ཆིབས་བསྒྱུར་མཛད་པ་དང་། དེ་རིང་ཕྱི་ཚེས་༡༣ ཉིན་Prsidencyགཙུག་ལག་སློབ་གྲྭ་ཆེན་མོའི་ནང་དུ་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་སློབ་ཕེབས་པའི་སྐབས། དུས་རབས་༢༡དེ་ཞི་བདེའི་དུས་རབས་ཤིག་སྐྲུན་དགོས་པའི་བཀའ་སློབ་ཕེབས་ཏེ། དེ་སྔའི་འདས་ཟིན་པའི་དུས་རབས་དེ་དག་ནི་འཁྲུག་རྩོད་དང་རྩོད་རྙོག་གིས་འདས་ཤིང་། ད་ལྟའི་མི་རབས་གསར་པ་ཚོས་དུས་རབས་༢༡ པ་དེ་གྲོས་མོལ་ཡོང་བ་བྱས་ཏེ་ཞི་བདེའི་དུས་རབས་ཤིག་སྐྲུན་ཐབས་བྱ་དགོས་པ་ཡིན། ཡིན་ནའང་༧གོང་ས་མཆོག་གི་སྐུ་ཚེའི་ནང་དེ་ལྟར་ཡོང་བ་གཟིགས་མ་ཐུབ་ཀྱང་ང་ཚོར་ངེས་པར་དུ་ཞི་བདེའི་དུས་རབས་ཤིག་སྐྲུན་ཐབས་ལ་འབད་བརྩོན་བྱ་དགོས་པ་དང་། ལྷག་པར་དུ་ལོ་༣༠མན་གྱི་ན་གཞོན་ཚོས་ཁྱེད་ཚོའི་ཕུགས་འདུན་དང། མིག་རྒྱང་རིང་པོ། རྣམ་དཔྱོད་བེད་སྤྱད་ནས་འཁྲུག་རྙོག་རྣམས་སྔོན་འགོག་བྱ་དགོས་པའི་འགན་འཁྲི་ཡོད་པའི་སྐོར་བཀའ་སློབ་ཕེབས་ཡོད་པ་རེད།
ད་དུང་༧གོང་ས་མཆོག་གིས་སྤྱི་ཚོགས་དཔལ་འབྱོར་རིག་པའི་ཐོག་ནས་༧གོང་ས་མཆོག་ནི་མུ་མཐུད་ནས་Marxistལྟ་གྲུབ་ལ་ཡིད་སྨོན་གནང་གི་ཡོད་ལ། Marxistལྟ་གྲུབ་དེ་ནི་དབུལ་ཕྱུག་དབར་གྱི་བར་ཁྱད་མེད་པ་བཟོས་ཏེ། མི་ཚང་མའི་གནས་སྟངས་འདྲ་མཉམ་བཟོ་མཁན་ཞིག་ཡིན་པར་བརྟེན་ནས་༧གོང་ས་མཆོག་གིས་ཡིད་སྨོན་གནང་ཡུལ་ཞིག་ཡིན་ཞིང་། ཡིན་ནའང་དེང་སྐབས་Marxistལྟ་གྲུབ་འཛིན་མཁན་གྱི་དབུ་ཁྲིད་མང་པོ་ཞིག་གིས་དོན་དུ་མ་རྩ་རིང་ལུགས་ཀྱི་ལྟ་བ་འཛིན་གྱི་ཡོད་པ་དང། མ་རྩ་རིང་ལུགས་ཀྱི་རྒྱལ་ཁབ་ནང་དུ་མི་དམངས་ནང་དཔལ་འབྱོར་གནས་སྟངས་དབུལ་ཕྱུག་གི་ཁྱད་པར་ཇེ་ཆེར་འགྲོ་གི་ཡོད་། དེ་དག་ནི་གཙོ་བོ་དབུ་ཁྲིད་ཚོའི་བསམ་པའི་སྐུལ་སློང་དང། བསམ་ཞིབ། ཁྱོན་ཡོངས་ནས་བསམ་བློ་གཏོང་ཕྱོགས་སོགས་ལ་རག་ལུས་ཡོད་པའི་སྐོར་བཀའ་ཕེབས་ཡོད་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།