༧གོང་ས་མཆོག་ཀུམ་བྷ་མེ་ལཱ་ཧིན་རྡུའི་དུས་ཆེན་ཐོག་ཕེབས་གནང་རྒྱུ།


2015.08.26
Kumbh Melaཧིན་རྡུའི་དུས་ཆེན་སྐབས། Kumbh Melaཧིན་རྡུའི་དུས་ཆེན་སྐབས།
པར་ཚགས།

༧གོང་ས་མཆོག་ཧིན་རྡུའི་ཆོས་ལུགས་ཀྱི་དུས་ཆེན་ཆེ་གྲས་Nasik Kumbh melaཞེས་པའི་ཐོག་ཆིབས་བསྒྱུར་བསྐྱང་གཏན་འཁེལ་འདུག      དེའི་སྐོར་ང་ཚོའི་བཞུགས་སྒར་དྷ་རམ་ས་ལའི་གསར་འགོད་པ་བློ་བྷེ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་གནང་།

རྒྱ་གར་གྱི་གྲོང་ཁྱེར་Allahabad དང་Ujjain, Haridwarདེ་བཞིན་Nasik བཅས་སུ་ལོ་གསུམ་རེའི་མཚམས་Kumbh Melaཞེས་པའི་ཧིན་རྡུའི་ཆོས་ལུགས་ཀྱི་དུས་ཆེན་ལོ་ལྟར་འཚོགས་བཞིན་པ་ལྟར། འདི་ལོའི་དུས་ཆེན་དེ་བཞིན་ཕྱི་ཟླ་༨ཚེས་༡༤ནས་འགོ་འཛུགས་ཀྱིས་ཕྱི་ཟླ་༩ཟླ་དཀྱིལ་བར་ཚོགས་རྒྱུ་ཡིན་པ་དང་། དུས་ཆེན་འདིའི་ཐོག་ཧིན་རྡུའི་བླ་ཆེན་སོགས་ཆོས་ཕྱོགས་ཀྱི་མི་སྣ་སྟོང་ཕྲག་མང་པོ་དང་། རྒྱ་གར་བ་དད་ལྡན་མང་ཚོགས་འབུམ་ཕྲག་བརྒལ་བ་བཅར་གྱི་ཡོད་པ་མ་ཟད། རྒྱ་གར་དབུས་གཞུང་དང་མངའ་སྡེའི་དཔོན་རིགས་མཐོ་གྲས་མང་པོ་ཞིག་ཀྱང་ཕེབས་སྲོལ་ཡོད་འདུག

ཐེངས་འདིའི་Nasikགྲོང་ཁྱེར་ནང་ཚོགས་བཞིན་པའི་Kumbh Melaཞེས་པའི་ཧིན་རྡུའི་ཆོས་ལུགས་ཀྱི་དུས་ཆེན་གྱི་གོ་སྒྲིག་ཚོགས་ཆུང་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་༧གོང་ས་མཆོག་གིས་བཀའ་བཞེས་བཟང་པོ་བསྩལ་ནས་ཕྱི་ཟླ་༨ཚེས་༣༡ཉིན་དུས་ཆེན་ཐོག་ཆིབས་བསྒྱུར་བསྐྱང་ནས་ཧིན་རྡུའི་བླ་ཆེན་ཁག་དང་། མཁས་དབང་ཁག་ཅིག་དང་ལྷན་དུ་མཇལ་འཕྲད་ཀྱི་མཛད་འཆར་ཡོད་ལུགས་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎