༧གོང་ས་མཆོག་ཡིད་སྨོན་ཞུ་སའི་མི་སྣ་སྙན་གྲགས་ཆེ་ཤོས་རེད།


2016.05.25
༧གོང་ས་མཆོག་དབྱིན་ཡུལ་གྱི་Glastonburyརོལ་དབྱངས་འདུ་འཛོམས་སྟེང་། ༢༠༡༥།༦།༢༨ ༧གོང་ས་མཆོག་དབྱིན་ཡུལ་གྱི་Glastonburyརོལ་དབྱངས་འདུ་འཛོམས་སྟེང་། ༢༠༡༥།༦།༢༨
dalailama.com

བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་མེཀ་སི་ཀོའི་ནང་དྲ་རྒྱ་བེད་སྤྱོད་བྱེད་མི་ཚོས་བསྔགས་བརྗོད་དང་ཡིད་སྨོན་ཞུ་སའི་མི་སྣ་སྙན་གྲགས་ཆེ་ཤོས་ཀྱི་མཚན་གཞུང་ནང་བཀོད་འདུག
དེ་ཡང་YouGov་ཞེས་བས་མང་ཚོགས་ཀྱི་བསམ་ཚུལ་བསྡུ་ལེན་གནང་བ་ལྟར་ན། བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་Mexicoའི་ནང་། དྲ་རྒྱ་བེད་སྤྱོད་བྱེད་མིའི་ཁྲོད་ཡིད་སྨོན་ཞུ་སའི་མཚན་གཞུང་ཁོངས་ནས་ཡིད་སྨོན་བསྔགས་བརྗོད་ཆེ་ཤོས་ཞུ་ཡུལ་ཨང་དང་པོ་དེ་ཡིན་སྐོར་ཨ་མེ་རི་ཀའི་ལྷོ་ཕྱོགས་སུ་ཆགས་པ་Mexicoརྒྱལ་ཁབ་ཀྱི་Mexico Daily་ཞེས་པའི་ཉིན་རེའི་གསར་ཤོག་གིས་གནས་ཚུལ་སྤེལ་ཡོད་ཅིང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་རྗེས་སུ་ཡིད་སྨོན་བསྔགས་བརྗོད་ཞུ་སའི་མི་སྣ་གྲགས་ཅན་གཉིས་པ་དེ་ནི་ཨ་རིའི་Microsoft་ཁེ་གཉེར་ལས་ཁང་གསར་འཛུགས་གནང་མཁན་དང་། གཏོང་ཕོད་ཅན་Bill Gates ཨང་གསུམ་པ་དེ་ནི་ཨ་རིའི་སྲིད་འཛིན་Barack Obama་མཆོག། ཨང་བཞི་པ་ནི་དངོས་ཁམས་རིག་པར་མཁས་པའི་Stephen Hawking དེ་ནས་གློག་བརྙན་སྒྱུ་རྩལ་འཁྲབ་བསྟོན་པ་གྲགས་ཅན་Johny Deppདང་། Will Smith་བཅས་རིམ་བཞིན་ཡིན་པ་དང་། ཡེ་ཤུའི་བླ་ཆེན་པོབ་Francis མཆོག་ཨང་དགུ་པར་སླེབས་འདུག།
བེུད་ཁོངས་ནས་ཡིད་སྨོན་བསྔགས་བརྗོད་ཆེ་ཤོས་ཞུ་ཡུལ་ཨང་དང་པོ་དེ་ནི་Mexicoའི་གཞུང་འཛིན་ཐོག་དཔྱད་ཞིབ་ཀྱིས་གསར་འགྱུར་སྤེལ་བར་སྙན་གྲགས་ཆེན་པོ་ཡོད་པ་ཡུལ་དེའི་གསར་འགོད་པ་ལྕམ་Carmen Aristegui་ཡིན་པ་དང་། ཁོང་གི་རྗེས་སུ་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་གི་སྐུ་ཟླ་Michelle Obama་དང་། དེ་ནས་བོུ་ཚོར་ཤེས་ཡོན་སྤྲོད་དགོས་པའི་ལས་འགུལ་སྤེལ་མཁན་པ་ཀིས་ཐན་གྱི་བོུ་Malala Yousafzai, གློག་བརྙན་འཁྲབ་སྟོན་པ་Angelina Jolie ཨ་རིའི་སྲིད་འཛིན་འོས་མིར་བཞེངས་མཁན་ལྕམ་Hillary Clinton བཅས་ཡིན་འདུག་ལ་ཡང་གློག་བརྙན་འཁྲབ་སྟོན་པ་དང་། གཞས་པ་གཞས་མ། སྲིད་དོན་མི་སྣ། དེ་བཞིན་རྐང་རྩེད་སྤོ་ལོ་རྩེད་འགྲན་པ་གྲགས་ཅན་ཚོ་ཡང་གོང་ཞུས་ཐོ་གཞུང་ནང་ཚུད་ཡོད་པ་རེད།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎