༧གོང་ས་མཆོག་རྒྱ་གར་གྱི་གྲོང་ཁྱེར་ཁག་ཅིག་ནང་མཛད་འཆར་ཆེད་ཕེབས་རྒྱུ་རེད།
2017.11.16

བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་བདུན་གཅིག་རིང་རྒྱ་གར་གྱི་གྲོང་ཁྱེར་ཁག་ཅིག་ནང་ཆིབས་བསྒྱུར་མཛད་འཆར་སྐྱོང་རྒྱུ་རེད།
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་གྲོང་ཁྱེར་ཁག་ཅིག་ཏུ་ཆིབས་བསྒྱུར་སྐྱོང་ཆེད། སྤྱི་ཟླ་༡༡་པའི་ཚེས་༡༧་ཉིན་བཞུགས་སྒར་ནས་ཆིབས་ཐོན་གྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། ཨོ་རི་ས་མངའ་སྡེའི་གྲོང་ཁྱེར་(Bubaneshwar) ནུབ་བྷེང་གལ་མངའ་སྡེའི་རྒྱལ་ས་(Calcutta)བཅས་སུ་བདུན་ཕྲག་གཅིག་ཙམ་གྱི་རིང་ཆིབས་བསྒྱུར་གྱི་མཛད་འཆར་ཡོད་འདུག
ཞིབ་ཕྲ་ལྡི་ལི་དོན་གཅོད་འབྲོང་ཆུང་དངོས་གྲུབ་ལགས་སུ་བཅར་འདྲི་ཞུས་བར་གསན་རོགས།
གསར་འགོད་པ་རིག་ལྡན་སྒྲོལ་མ།