བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ལྡི་ལིར་ཕེབས་གནང་རྒྱུ་རེད།


2017.02.01
གསར་འགོད་པས་ལྡི་ལི་དོན་གཅོད་འབྲོང་ཆུང་དངོས་གྲུབ་མཆོག་ལ་བཅར་འདྲི་ཞུ་བཞིན་པ། ༢༠༡༧།༢།༡ གསར་འགོད་པས་ལྡི་ལི་དོན་གཅོད་འབྲོང་ཆུང་དངོས་གྲུབ་མཆོག་ལ་བཅར་འདྲི་ཞུ་བཞིན་པ། ༢༠༡༧།༢།༡
RFA

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་གཟའ་འཁོར་གཅིག་ལྷག་ཙམ་རིང་མང་ཚོགས་ལ་བཀའ་སློབ་སོགས་ཀྱི་མཛད་འཆར་དང་། དེ་ནས་ལྷོ་ཕྱོགས་ཁུལ་དུ་ཆིབས་བསྒྱུར་མཛད་འཕྲིན་རྒྱ་ཆེ་བསྐྱངས་གཏན་འཁེལ་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ཟླའི་ཚེས་༣་ནས་ཕྱི་ཚེས་༩་ཉིན་བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་མཛད་འཕྲིན་སྣ་མང་ཞིག་བཀྲིན་སྐྱོང་རྒྱུའི་མཛད་འཆར་ཡོད་སྟབས། ཕྱི་ཚེས་༢་ཉིན་༧གོང་ས་མཆོག་བཞུགས་སྒར་རྡ་རམ་ས་ལ་ནས་རྒྱལ་ས་ལྡི་ལིའི་ཕྱོགས་སུ་ཆིབས་ཞལ་བསྒྱུར་གནང་གིས། ཕྱི་ཚེས་༣་དང་༤་ཉིན་གཉིས་རིང་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་རྒྱ་གར་གྱི་ན་གཞོན་ཁག་ཅིག་ལ་གསུང་ཆོས་སྩལ་གནང་རྒྱུ་དང་། ཕྱི་ཚེས་༥་ཉིན་རྒྱལ་ས་ལྡི་ལིར་ཡོད་པའི་Vidyaloke་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་Talkotora་Stadium་ཞེས་པའི་རྩེད་ཁང་ཆེན་མོའི་ནང་དེང་དུས་ཀྱི་རྒྱ་གར་ནང་གནའ་སྔ་མོའི་རྒྱ་གར་གྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ཤེས་བྱ་སླར་གསོ་ཡོང་ཐབས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་འཆར་འདུག
ཡང་Cultural ་Heritage་Society་ཞེས་རྒྱ་གར་གྱི་རིག་གཞུང་དང་འབྲེལ་བའི་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ཕྱི་ཚེས་༦་ཉིན་༧གོང་ས་མཆོག་གིས་བདེ་སྐྱིད་ཀྱི་རྩ་བ་ནི་སྙིང་རྗེ་དང་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་སྩལ་གནང་རྒྱུ། ཕྱི་ཚེས་༧་ཉིན་St.Mary་ཞེས་པའིགཙུག་ལག་སློབ་གྲ་ཆེན་མོའི་དགེ་ལས་སློབ་ཕྲུག་རྣམས་ལ་བྱམས་བརྩེ་དང་འཇིག་རྟེན་ཀུན་ཁྱབ་འགན་འཁུར་སྐོར་བཀའ་སློབ་སྩལ་གནང་མཛད་འཆར་འདུག
དེ་ནས་Vivekanada་International་Foundationཞེས་རྒྱལ་སྤྱིའི་ཐེབས་རྩ་ཁང་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ཕྱི་ཚེས་༨་ཉིན་༧གོང་ས་མཆོག་གིས་ཐེབས་རྩ་ཁང་དེའི་མཁས་དབང་ཁག་དང་ཆེད་ལས་མི་སྣ་རྣམས་ལ་དེང་རབས་ཀྱི་འཛམ་གླིང་ནང་རྒྱ་གར་གྱི་གནའ་བོའི་རིག་གཞུང་དང་ལྟ་གྲུབ་གལ་གནད་སྐོར་བཀའ་སློབ་གནང་འཆར་འདུག
རྒྱལ་ས་ལྡི་ལིའི་ནང་གི་ཆིབས་བསྒྱུར་མཛད་འཕྲིན་ཁག་ལེགས་གྲུབ་ཟིན་པའི་རྗེས་སུ་རྒྱ་གར་ལྷོ་ཕྱོགས་Andhra་Pradesh་མངའ་སྡེའི་གྲོང་ཁྱེར་Amravatiའི་ནང་ཆིབས་བསྒྱུར་མཛད་འཕྲིན་སྐྱོང་རྒྱུ་དང་། དེའི་རྗེས་སུ་༧གོང་ས་མཆོག་Andhra་Pradeshམངའ་སྡེའི་རྒྱལ་ས་Hydrabadལ་ཆིབས་བསྒྱུར་བསྐྱངས་ནས་National་Police་Academy་ཞེས་རྒྱ་གར་རྒྱལ་ཡོངས་སྐོར་སྲུང་བའི་ཤེས་ཡོན་ལྟེ་གནས་ཁང་ལ་བཀའ་སློབ་གནང་འཆར་ཡོད་འདུག།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎