༧གོང་ས་མཆོག་གིས་གཞོན་སྐྱེས་ཚོར་ཆོས་འབྲེལ་དང་ཨ་རིར་ཕེབས་རྒྱུ།


2016.04.12
༧གོང་ས་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་ཨ་མི་རི་ཀའི་གཞུང་ཚབ་ཀྱི་སློབ་གྲྭའི་དགེ་ལས་ཡོངས་ལ་སྙིང་རྗེ་དང་ཀུན་ཁྱབ་འགན་འཁུར་ཐད་བཀའ་སློབ་གནང་སྐབས། ༢༠༡༦།༤།༨ ༧གོང་ས་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་ཨ་མི་རི་ཀའི་གཞུང་ཚབ་ཀྱི་སློབ་གྲྭའི་དགེ་ལས་ཡོངས་ལ་སྙིང་རྗེ་དང་ཀུན་ཁྱབ་འགན་འཁུར་ཐད་བཀའ་སློབ་གནང་སྐབས། ༢༠༡༦།༤།༨
OHHDL

དེ་ཡང་དགའ་ལྡན་ཕོ་བྲང་གི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་དོན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས། འདས་པའི་ལོ་འགའ་ཤས་རིང་ལོ་ལྟར་བོད་ཕྲུག་གཞོན་སྐྱེས་ཚོར་དམིགས་བསལ་ནང་ཆོས་ངོ་སྤྲོད་དང་འབྲེལ་བའི་ཆོས་འབྲེལ་སྩལ་གནང་མཛད་བཞིན་པ་ལྟར། འདི་ལོ་ཡང་རྡ་སྟེང་བོད་ཕྲུག་ཁྱིམ་སྡེའི་ཚོགས་ཁང་གི་ནང་ཕྱི་ཟླ་༦་ཚེས་༡་ནས་༣་བར་སྔ་དྲོ་ཉིན་གསུམ་གྱི་རིང་། རྒྱལ་བ་འབྲོམ་སྟོན་པས་མཛད་པའི་བཀའ་གདམས་པའི་མན་ངག། རང་བརྒྱུད་སྐུལ་མ་འདེབས་པ་དད་པའི་ལྗོན་ཤིང་གྱི་སྒོ་ནས་ཆོས་འབྲེལ་སྩོལ་གནང་རྒྱུ་ཐུགས་གཏན་འཁེལ་འདུག
༢༠༡༦ལོའི་ཕྱི་ཟླ་༦་ཚེས་ ༧་ནས་༩་བར་ཉིན་གྲངས་གསུམ་རིང་རྒྱ་གར་ནང་པའི་ཚོགས་པ་དཔལ་ན་ལེནྜེའི་རྗེས་འཇུག་ཅེས་པ་དེས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་སློབ་དཔོན་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ལེའུ་བཞི་པ་སྟེ་བག་ཡོད་བསྟེན་པའི་ལེའུའི་སྒོ་ནས་ཆོས་འབྲེལ་གནང་རྒྱུ་ཡིན་འདུག་ཅིང་། ཕྱི་ཟླ་༦་ཟླ་དཀྱིལ་ཙམ་ནས་ཨ་རིའི་ས་གནས་འདྲ་མིན་གྱི་ནང་ཆིབས་བསྒྱུར་མཛད་འཕྲིན་སྐྱོང་རྒྱུའི་ཁོངས་སུ། ཕྱི་ཟླ་༦་ཚེས་༢༡་ཉིན་ཡུ་ཊ་མངའ་སྡེའི་སོལཌ་ལེཀ་གྲོང་ཁྱེར་གྱི་ནང་སྙིང་རྗེ་དང་། ཀུན་ཁྱབ་འགན་འཁུར་གྱི་སྒོ་ནས་མང་ཚོགས་ལ་བཀའ་སློབ་གསུང་བཤད་སྩོལ་གནང་མཛད་རྒྱུ་ཡིན་འདུག་ཅིང་། འདི་ནི་ས་གནས་དེའི་བོད་རིགས་སྤྱི་མཐུན་ཚོགས་པ་དང་། Huntsman་ལྟེ་གནས་ཁང་ཐོུང་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག། ཡང་ཕྱི་ཟླ་༦ ཚེས་༢༥་ཉིན་ཨ་རིའི་ཨིན་ཊི་ཡ་ན་པོ་ལིསི་མངའ་སྡེའི་གྲོང་ཁྱེར་ཨིན་ཌི་ཡ་ནའི་ནང་།  གཞན་ཕན་དང་སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ཡིན་ཞེས་པའི་བརྗོད་གཞིའི་སྒོ་ནས་མང་ཚོགས་ལ་བཀའ་སློབ་གསུང་བཤད་སྩལ་རྒྱུ་ཡིན་འདུག། ཨིན་ཌ་ཡ་ནའི་མངའ་སྡེ་དེའི་ནང་༧སྐུའི་གཅེན་པོ་དམ་པ་སྟག་ཚེར་རིན་པོ་ཆེ་མཆོག་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཕྱི་ལོ་༡༩༩༧་ལོར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ་ཡོད་ལ། Bloomington་ཟེར་བའི་ས་གནས་དེའི་ནང་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་ཞིག་ཡོད་པ་དེའི་འགན་འཛིན་དེང་སྐབས་སྐུ་འབུམ་དགོན་པའི་མཁན་ཟུར་ཨརྒྱ་རིན་པོ་ཆེས་གནང་བཞིན་ཡོད་པ་རེད།
ཕྱི་ཟླ་༦་ཚེས་༢༥་ཉིན་གྱི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་གསུང་བཤད་གྱི་མཛད་འཆར་གོ་སྒྲིག་ཞུ་མཁན་ནི། མངའ་ཁུལ་དེའི་ནང་གི་ཆོས་ལུགས་མཐུན་སྒྲིལ་གོང་སྤེལ་གྱི་ཚོགས་པ་ཞིག་དང་། ཨིན་ཌི་ཡ་ན་ནང་ཆོས་ལྟེ་གནས་ཁང་། དེ་བཞིན་སྙིང་རྗེ་གོང་འཕེལ་གཏོང་ཐབས་བྱ་མཁན་གྱི་ཚོགས་པ་བཅས་ཡིན་འདུག།     

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎