སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཀྲིས་ལྗོངས་ཁམས་སྒར་འབྲུག་རྡརྨ་ཀཱ་རའི་སློབ་གཉེར་ཁང་གི་དབུ་འབྱེད་མཛད་སྒོའི་ཐོག་བཀྲིན་ཆིབས་བསྒྱུར་མཛད་རྒྱུ།

2023.09.23
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཀྲིས་ལྗོངས་ཁམས་སྒར་འབྲུག་རྡརྨ་ཀཱ་རའི་སློབ་གཉེར་ཁང་གི་དབུ་འབྱེད་མཛད་སྒོའི་ཐོག་བཀྲིན་ཆིབས་བསྒྱུར་མཛད་རྒྱུ།
HHDL

ཕྱི་ཚེས་༢༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་སྤེལ་བྱས་པར་གཞིགས་ན་རྡ་སའི་ཉེ་འཁོར་བཀྲིས་ལྗོངས་བོད་མིའི་གཞིས་ཆགས་སུ་ཆགས་པའི་ཁམས་སྒར་བཤད་གྲཱ་འབྲུག་མཐོ་སློབ་རྡརྨ་ཀཱ་རའི་སློབ་གཉེར་ལས་འཆར་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འདི་ཟླའི་ཚེས་ ༢༧ ཉིན་ཆིབས་བསྒྱུར་སྐྱོང་གནང་མཛད་རྒྱུ་ཡིན་པ་དང་ཆབས་ཅིག་འབྲུག་རྡརྨ་ཀཱ་རའི་མཐོ་སློབ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་གསུང་ཆོས་ཡང་རྩལ་གནང་གཏན་འཁེལ་ཡོད་པ་རེད་བཞག

བོད་ཀྱི་ནང་པའི་རིག་གཞུང་དང། བདེ་སྡུག་གི་དགེ་རྩ་འབྲུག་རྡརྨ་ཀཱ་རའི་མཐོ་སློབ་དེ་ནི་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་ཡིན་ཞིང་ཚོགས་པ་དེ་ནི་སྤྱི་ལོ་ ༢༠༡༠ ལོར་གསར་འཛུགས་གནང་ཡོད་པ་རེད་བཞག དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲ་རྒྱའི་ཐོག་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་ལྟར་ན།  ༧གོང་ས་མཆོག་ཕྱི་ཟླ་བཅུ་པའི་ཚེས་ ༡༡ དང་ ༡༢ བཅས་ཉིན་གཉིས་ཀྱི་རིང་འབྲས་ལྗོངས་ཀྱི་རྒྱལ་ས་ལྒང་ཏོག་དང་དེ་རྗེས་ནུབ་བེན་ལྒལ་གྱི་སེ་ལ་གུ་རུ་གྲོང་ཁྱེར་བཅས་སུ་ཆོས་འབྲེལ་བསྐྱོངས་གནང་མཛད་རྒྱུ་ཡིན་ཞིང་དེ་ནས་ཕྱི་ཟླ་ ༡༡ དང་ ༡༢ པའི་ནང་རྒྱ་གར་ལྷོ་ཕྱོགས་བེ་ལ་ཀོ་པི་དང་ཧུན་ཤར་གཞིས་ཆགས་བཅས་སུ་ཆོས་འབྲེལ་བསྐྱོངས་གནང་མཛད་རྒྱུ་ཡིན་འདུག

གསར་འགོད་པ།  དབྱངས་སྒྲོན།
རྩོམ་སྒྲིག་པ།  དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎