༧གོང་ས་མཆོག་གིས་མི་མང་གསུང་ཆོས་དང་བཀའ་སློབ་གནང་རྒྱུ།


2016.02.17
༧གོང་ས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་ལ་འཚམས་འཕྲིན་བསྩལ་བཞིན་པ། ༢༠༡༦།༢།༥ ༧གོང་ས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་ལ་འཚམས་འཕྲིན་བསྩལ་བཞིན་པ། ༢༠༡༦།༢།༥
དྲ་བཤུས

༧གོང་ས་མཆོག་གིས་ཨ་རིའི་མེ་ནི་སོ་ཀྲ་ནས་སྨན་བཅོས་རྗེས་མི་མང་ལ་ཐོག་དང་པོར་གསུངས་ཆོས་དང་བཀའ་སློབ་གནང་གཏན་འཁེལ་བ།
དེ་ཡང་གནས་ཚུལ་ལྟར་ན། བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དེང་སྐབས་ཨ་རིའི་མེ་ནི་སོ་ཀྲ་མངའ་སྡེའི་མེ་ཡོ་སྨན་ཁང་ནང་སྨན་བཅོས་ཕུལ་བཞིན་ཡོད་ཀྱང་། མེ་ནི་སོ་ཀྲ་བོད་མིའི་སྤྱི་མཐུན་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་༧མགོན་པོ་གང་ཉིད་ནས་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་འདི་ཟླའི་ཚེས་༢༡་སྟེ་གཟའ་ཉི་མའི་སྔ་དྲོའི་ཕྱག་ཚོད་དགུ་པ་ནས་ཕྱག་ཚོད་༡༡་དང་ཕྱེད་ཀ་བར་(Minneapolis Conventions Center)ཞེས་པའི་ཚོགས་ཁང་ཆེན་མོའི་ནང་། དད་ལྡན་མང་ཚོགས་ལ་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་གསུང་ཆོས་སྩལ་གནང་མཛད་རྒྱུ་དང་། དེ་ནས་སེམས་བསྐྱེད་ཀྱི་སྡོམ་པ་འབོག་ཚོག མང་ཚོགས་ལ་བཀའ་སློབ་བཀྲིན་ཆེ་གནང་མཛད་རྒྱུ་ཡིན་འདུག
མེ་ནི་སོ་ཀྲ་བོད་མིའི་སྤྱི་མཐུན་ཚོགས་པས་གསལ་བསྒྲགས་སྤེལ་བའི་ནང་། ༧གོང་ས་མཆོག་གིས་གསུང་ཆོས་སྩལ་གནང་མཛད་རྒྱུ་དེ་ནི་དགའ་སྟོན་རྟེན་འབྲེལ་ཞུ་རྒྱུའི་དགའ་ཚོར་ཆེ་བའི་དུས་ཆེན་ཞིག་ཡིན་པ་དང་། ༧མགོན་པོ་གང་ཉིད་ཀྱི་སྐུ་མདུན་ནས་རིན་ཐང་བྲལ་བའི་གསུང་ཆོས་ཞུ་རྒྱུའི་གོ་སྐབས་ཡིན་པ་སོགས་འཁོད་འདུག
གོང་ཞུས་གསུངས་ཆོས་དེ་ནི་༧གོང་ས་མཆོག་གིས་ཨ་རིའི་མེ་ནི་སོ་ཀྲ་ནས་སྨན་བཅོས་རྗེས་མི་མང་ལ་ཐོག་དང་པོར་གསུངས་ཆོས་དང་བཀའ་སློབ་གནང་རྒྱུ་ཡིན་པ་རེད།
གནས་ཚུལ་ལྟར་ན། ༧གོང་ས་མཆོག་འདི་ལོའི་ཕྱི་ཟླ་༣་ཚེས་༩་ཉིན་ཨ་རིའི་གྲོང་ཁྱེར་Madisonནང་གི་University of Wisconsinགཙུག་ལག་སློབ་གྲ་ཆེན་མོའི་ནང་སེམས་དང་སྲོག་གི་བགྲོ་གླེང་ཚོགས་འདུར་དབུ་བཞུགས་མཛད་ཀྱི་ཡོད་པ་མ་ཟད། འདི་ལོའི་ཕྱི་ཟླ་དྲུག་པའི་ཚེས་༢༠་དང་༢༡་ཉིན་གཉིས་རིང་ཨ་རིའི་Utah མངའ་སྡེའི་རྒྱལ་ས་Salt Lake གྲོང་ཁྱེར་ནང་ཆིབས་བསྒྱུར་བཀྲིན་བསྐྱངས་གནང་གིས་University of Utah གཙུག་ལག་སློབ་གྲ་ཆེན་མོའི་ནང་མང་ཚོགས་ལ་བཀའ་སློབ་སྩལ་གནང་རྒྱུ་དང་། ས་གནས་བོད་མི་རྣམས་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྩལ་གནང་རྒྱུ། Utah་མངའ་སྡེའི་སྤྱི་ཁྱབ་Gary Herbertམཆོག་དང་། Salt Lakeགྲོང་སྡེའི་སྤྱི་ཁྱབ་ལྕམ་Jackieདབུས་པའི་ཆེས་མཐོའི་མི་སྣ་ཁག་གིས་ཆེ་བསྟོད་ཀྱི་གུས་བསུའི་སྣེ་ལེན་ཞུ་གཏན་འཁེལ་འདུག

གསར་འགོད་པ་སེང་གེ་རི་བསོད་མས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎